འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་11ཉིན།

༄༅།།སྒོར་གསུམ་ཅན་གྱི་ཁུ་ནག་གི་རིན་གོང་སྤར་སྲིད་དམ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་11ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྒོར་གསུམ་ཅན་གྱི་ཁུ་ནག་གི་རིན་གོང་སྤར་སྲིད་དམ།
    མི་དམངས་དྲ་བའི་འཕྲིན། KFCལ་“བྱ་ཤ་བསྲེག་རྒྱུ་རྫོགས”རྗེས། ཕའེ་ཕི་སེ་ཁུ་ནག་ཡང་རིན་གོང་སྤར་བའི་གནས་ཚུལ་ལ་ཐུག་པ་རེད། 
    ཉེ་ཆར། དུས་ཚིགས་གསུམ་པའི་ནོར་སྲིད་ཚགས་པར་སྤྱི་བསྒྲགས་བྱས་པ་དང་བསྟུན། སྐོམ་ཆུ་གྲགས་ཅན་ཕའེ་ཕི་སེ་ཁུ་ནག་གིས་ཀྱང་རིན་གོང་སྤར་རྒྱུའི་སྔོན་བརྡ་བཏང་ཡོད། 
   ཕའེ་ཕི་སེ་ཁུ་ནག་སླར་རིན་གོང་སྤར་རྒྱུ། 
   “ཟླ་བ་ཁ་ཤས་སྔོན། ཕའེ་ཕི་སེ་ཁུ་ནག་གིས་དཀའ་ཚེགས་ཆེན་པོས་ཤེལ་ཀྲིན་དང་འགྱིག་དམ་མི་འདང་བའི་གནད་དོན་ཐག་གཅོད་མ་བྱས་རང་བྱས་ཐུག”ཅེས་ཕའེ་ཕི་སེ་ཁུ་ནག་གི་དབུ་བཞུགས་ནོར་སྲིད་དཔོན་རིགས་ཇོང་སི་ཏུན་གྱིས་གསར་འགོད་པའི་བཅར་འདྲི་བྱེད་དུས་དེ་ལྟར་བཤད། རིམས་ནད་ཀྱིས་ཚད་བཀག་གློད་གྲོལ་བཏང་རྗེས། ཟ་ཁང་དང་གློག་བརྙན་ཁང་དུ་ཁུ་ནག་གི་དགོས་མཁོ་ཇེ་ཆེར་གྱུར་ནས། རྒྱུ་ཆ་མི་འདང་བའི་གནད་དོན་མངོན་གསལ་དོད་པོར་གྱུར་བ་བསྟན། 
   དོན་དངོས་སུ། ཉེ་བའི་གཟའ་འཁོར་འགའི་རིང་། རྒྱུ་ཆའི་རིན་གོང་ཇེ་མཐོར་སོང་བས། ཟས་རིགས་ཐུམ་རྒྱུག་ལས་རིགས་ཀྱི་མ་གཞིའི་ཁེ་སྤོགས་ཇེ་ཉུང་དུ་བཏང་། ཕའེ་ཕི་སེ་ཁུ་ནག་གིས་བུལ་ཏོག་ཆུ་དང་སིལ་ཟས་ཀྱི་རིན་གོང་མཐོ་རུ་བཏང་ཡོད། 
   སྐོམ་ཆུའི་དམ་བེ་མི་འདང་བ་དང་། ལྗིད་ཐེག་རླངས་འཁོར་ཁ་ལོ་བ་དཀོན་པ་སོགས་མཁོ་སྤྲོད་ཕྲེང་ཐག་གི་འགྲན་སློང་སོགས་མུ་མཐུད་ཇེ་མཐོར་ཕྱིན་པས། ཚེས་5ཉིན། ཕའེ་ཕི་སེ་ཁུ་ནག་གིས། སང་ལོའི་ལོ་འགོར་རིན་གོང་ཡང་ཅིག་སྤར་སྲིད་པ་བསྟན། 
“2022ལོའི་དུས་ཚིགས་དང་པོའི་རིན་གོང་ཇེ་མཐོར་འགྲོ་སྲིད། ”ཅེས་ཇོང་སི་ཏུན་གྱིས་དེ་ལྟར་བཤད། 
   མཁོ་སྤྲོད་ཕྲེང་ཐག་ཛ་དྲག་གི་གནས་ཚུལ་གྱིས་ཁེ་ལས་མང་པོར་ཤུགས་རྐྱེན་ཐེབས།
དོན་དངོས་སུ། མཁོ་སྤྲོད་ཕྲེང་ཐག་དཀོན་པའི་གནད་དོན་ནི་ཕའེ་ཕི་སེ་ཁུ་ནག་ལ་ཐུག་པ་ཙམ་མ་རེད། 
ཟླ་9པའི་ཟླ་སྨད་དུ། སྨྱན་སྦྱོར་ཁ་ཤས་ཀྱིས། ཨ་རིའི་KFCཡིས་རུས་མེད་བྱ་ཤ་མཁོ་འདོན་མི་འདང་བས། གནས་སྐབས་ཐོན་རྫས་དེ་ཁྱབ་གདལ་དྲིལ་བསྒྲགས་བྱ་རྒྱུ་མཚམས་འཇོག་རྒྱུ་ཡིན་པ་བསྟན། 
   གཞན་ཡང་། མའེ་ཏང་ལའོ་དང་སི་ཊར་བྷར་ཁི་སོགས་གྲགས་ཅན་མགྱོགས་ཟས་མུ་འབྲེལ་ཁེ་ལས་ལའང་རྒྱུ་ཆ་མཁོ་འདོན་དཀོན་པའི་གནད་དོན་ཐུག་ཡོད་པ་རེད།