འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་11ཉིན།

༄༅།།ཀྲུང་གོ་དང་རྒྱ་གར་གྱི་ཅུན་དཔོན་རིམ་པའི་གྲོས་མོལ་རེས་སྐོར་བཅུ་གསུམ་པའི་ཐད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་11ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་དམག་དཔོན་ལུང་ཧྲའོ་ཧྭ་ཡིས་ཀྲུང་གོ་དང་རྒྱ་གར་གྱི་ཅུན་དཔོན་རིམ་པའི་རེས་སྐོར་བཅུ་གསུམ་པའི་གྲོས་མོལ་ཐད་གཏམ་བཤད་སྤེལ་ནས། ཟླ་10ཚེས་10ཉིན། ཀྲུང་གོ་དང་རྒྱ་གར་གྱི་དམག་དཔུང་གཉིས་ཀྱིས་མོར་ཏུའོ་/ཁྲུའུ་ཧྲུའུ་ལེའི་གྲོས་མོལ་ས་ཚིགས་ཀྱི་ཀྲུང་གོ་ཕྱོགས་ཀྱི་ཕྱོགས་སུ་རེས་སྐོར་བཅུ་གསུམ་པའི་ཅུན་དཔོན་རིམ་པའི་གྲོས་མོལ་བྱས་པ་དང་། གྲོས་མོལ་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་དམིགས་ནས། མཐའ་མཚམས་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཆེན་པོ་དང་ལྷག་བསམ་གང་ལེགས་མངོན་ཡོད་མོད། འོན་ཀྱང་། རྒྱ་གར་ཕྱོགས་ཀྱིས་སྔར་བཞིན་ལུགས་མཐུན་མིན་ལ་དོན་དངོས་དང་ཡང་མི་མཐུན་པའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་གྲོས་མོལ་ལ་དཀའ་ངལ་མང་དུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་བློ་རྩ་བརྟན་དུ་བཏང་ནས། རྒྱ་གར་ཕྱོགས་ཀྱིས་དུས་བབ་ལ་གོ་ནོར་མི་ཐེབས་པ་དང་། མིག་སྔའི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་ཐོབ་དཀའ་བའི་རྣམ་པར་གཅེས་སྤྲས་བྱེད་པ། རྒྱལ་ཁབ་གཉིས་པོའི་དམག་དཔུང་གཉིས་པོའི་འབྲེལ་ཡོད་གྲོས་ཆོད་དང་ཐུན་མོང་ངོས་འཛིན་ལ་བརྩི་སྲུང་ཞུ་བ། ལྷག་བསམ་དང་བྱ་སྤྱོད་ཏན་ཏིག་འདོན་པ་བཅས་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།