འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་11ཉིན།

༄༅།།མཚོ་སྔོན་ལན་ཐུང་ཀུང་སིས་སླར་ཡང་དམངས་ཕན་ཐབས་ཇུས་བཏོན་ནས་དམངས་ལ་བྱ་བ་དངོས་
བསྒྲུབས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་11ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་ཆ་འཕྲིན་འཚོ་བར་བཅངས་པའི་འདུན་པ་སྐོང་ཆེད། མཚོ་སྔོན་ལན་ཐུང་ཀུང་སིས་ཞིང་ཆེན་ཡོངས་སུ“འདུ་འགོད་སུམ་བརྒྱ”ལག་ལེན་བསྟར་ནས་དམངས་ལ་བྱ་བ་དངོས་བསྒྲུབས་པའི་བྱེད་སྒོ་མུ་མཐུད་སྤེལ་ཏེ། གྲོང་གསེབ་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་ནས། “རྒན་རྒོན་སེམས་ཁྲལ་སེལ། རིག་ནུས་རྒན་སྐྱོར་བྱེད”ཀྱི་ཆེད་དོན་ཞབས་ཞུའི་བྱེད་སྒོ་དང་། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད། བརྩེ་སེམས་བཅངས་ནས་འོན་པར་དྲོ་སྐྱིད་སྦྱིན”གྱི་སྤྱི་ཕན་བྱེད་སྒོ་སྤེལ་ནས་དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་རབ་དང་རིམ་པར་རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།
   ཉེ་ཆར། མཚོ་སྔོན་ལན་ཐུང་གིས་སླར་ཡང་ཐབས་ཇུས་བཏོན་ནས་གྲངས་འཛིན་འཛད་སྤྱོད་ཀྱི་འཚོ་བར་སྐུལ་ཁྲིད་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ལན་ཐུང་ཀུང་སིས་རིམ་པ་མང་བའི“5Gགྲངས་འཛིན་ཁེ་དབང་གི་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”སྤེལ་བ་དཔེར་ན། ལན་ཐུང་སྤྱོད་མཁན་གྱིས་ཁ་པར་གྲོན་དངུལ་སྒོར་100བླུགས་ཚེ། ལན་ཐུང་གི་ཁ་པར་གྲོན་དངུལ་སྒོར་100དང་། འཛད་སྤྱོད་འཛིན་སྒོར་100ཟླ་བ་གསུམ་གྱི་འཚོ་བའི་ཁེ་དབང་བཅས་ཐོབ་པ་དང་། འཛད་སྤྱོད་འཛིན་དེ་ལན་ཐུང་གི་ཨོའོ་དངུལ་ཁུག་ཚོང་གྲོང(ཁྱིམ་དུ་སྡོད་མཁན་གྱི་འཚོ་བའི་འགྲོ་གྲོན་སྣ་ཚོགས)དང་། ཀྲུང་གོའི་རྡོ་སྣུམ། དབན་ཏ་སོགས་མཚོ་སྔོན་གྱི་ས་ཆ་འདི་གའི་ཚོང་ལས་སྒྲིག་གཞི་བརྒྱ་ལྷག་ལ་བེད་སྤྱོད་བྱེད་ཆོག་གི་ཡོད་པ་རེད།