འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་9ཉིན།

༄༅།།ཧྭ་ལུང་བྲག་ཕུག་གི་མིའི་གདོང་གི་རྣམ་པ་བསྐྱར་གསོ་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་09ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
དཔྱད་ཡིག་པར་རིས་ནི་ཧྭ་ལུང་བྲག་ཕུག་ཨང་6པའི་མགོའི་རུས་ཀྱི་འགྱུར་རྡོ་ཆ་ཚང་ཞིག་རེད།
དཔྱད་ཡིག་པར་རིས་ནི་ཧྭ་ལུང་བྲག་ཕུག་ཨང་6པའི་མགོའི་རུས་ཀྱི་འགྱུར་རྡོ་ཆ་ཚང་ཞིག་རེད།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན། ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་(ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཁང་)གིས་གནས་ཚུལ་ཁྱབ་བསྒྲགས་བྱས་དོན། སུའོ་དེའི་ཞིབ་འཇུག་པ་ལིའུ་ཝུའུ་དང་ཝུའུ་ཞིའུ་ཅེ་ཡིས་འགོ་ཁྲིད་གནང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་ཚོགས་པས་ཨན་ཧུའེ་ཞིང་ཆེན་གྱི་ཏུང་ཀྲི་རྫོང་ཁོངས་ཀྱི་ཧྭ་ལུང་བྲག་ཕུག་གི་གནའ་བོའི་མིའི་རིགས་ཀྱི་གནའ་ཤུལ་དུ་ལོ་8ལ་བསྟུད་མར་རྟོག་ཞིབ་དང་སྔོག་འདོན་བྱས་པ་བརྒྱུད། ཞིབ་འཇུག་གསར་ཤོས་ལས་ཤེས་རྟོགས་བྱུང་བར། ལོ་ངོ་ཁྲི་30ཡི་གོང་གི་ཧྭ་ལུང་བྲག་ཕུག་གི་མིའི་ངོ་གདོང་ལ་ཕྲ་རྒྱན་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད། མིག་སྟོད་དང་མཁུར་ཚོས་ཁག་གི་ཁྱད་ཆོས་ནི་ཀྲོའུ་ཁོའུ་ཏེན་དང་། ནན་ཅིང་། ཏ་ལི། ཅིན་ཉིའུ་ཧྲན་སོགས་གསར་སྒྱུར་དུས་འབྲིང་དུ་ཐད་ཀར་ལངས་མཁན་དང་གནའ་བོའི་མིའི་རིགས་དང་འདྲ་པོ་ཡོད་པ་ཕུད། གདོང་གི་ཁྱད་ཆོས་མང་ཆེ་བ་ནི་སྔ་དུས་ཀྱི་དེང་རབས་ཀྱི་མི་དང་དེང་རབས་མིའི་རིགས་ཀྱི་གཞན་འགྱུར་ཁྱབ་ཁོངས་སུ་གནས་ཡོད། དེ་ཡང་ཨེ་ཤ་ཡ་ཤར་མའི་ད་བར་དེང་རབས་ཀྱི་མིའི་ངོ་གདོང་གི་ཁྱད་ཆོས་ལྡན་སྔ་ཤོས་ཀྱི་གནའ་མིའི་གྲས་ཤིག་རེད།
༄༅།།ཧྭ་ལུང་བྲག་ཕུག་གི་མིའི་གདོང་གི་རྣམ་པ་བསྐྱར་གསོ་བྱས།