འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་9ཉིན།

༄༅།།མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་བཟའ་བཅའི་འཚོ་བཅུད་
མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་09ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གངས་ལུང་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་ཆུང་གི་སློབ་མས་སློབ་གྲྭའི་ཟ་ཁང་ནང་ཟ་མ་ཟ་བཞིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གངས་ལུང་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་ཆུང་གི་སློབ་མས་སློབ་གྲྭའི་ཟ་ཁང་ནང་ཟ་མ་ཟ་བཞིན་པ།
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཏིག་ཧྲུག་དང་། མོག་མོག སོ་ལོ་ཞོག་སིལ་ཤ་བརྔོས། པད་ཚལ་བརྔོས་མ། ལྷེབ་ཐུག་སོགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་གངས་ལུང་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་ཆུང་གི་ཉིན་གཅིག་གི་ཟས་ཐོ་རེད། “སློབ་གྲྭའི་ཟ་ཁང་གིས་ཚན་རིག་དང་མཐུན་པའི་ངང་ཟས་ཐོ་བཟོས་ནས་སྦྱོར་རྟ་ལུགས་མཐུན་དང་། འཚོ་བཅུད་དོ་མཉམ། བཟའ་བཅའི་རྒྱུ་ཆ་སོས་པ་བཅས་ཡོང་བ་བྱེད་ཀྱི་ཡོད” ཅེས་གངས་ལུང་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་ཆུང་གི་སློབ་སྤྱི་ཆོས་དར་གྱིས་བཤད།
   ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི《མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བཟའ་བཅའི་འཚོ་བཅུད་མཛུབ་ཁྲིད་ལག་དེབ》དངོས་སུ་དཔེ་སྐྲུན་བྱས་ཤིང་། དེའི་དམིགས་ཡུལ་ནི་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཚོ་བཅུད་བདེ་ཐང་སློབ་གསོ་དང་སློབ་གྲྭའི་འཚོ་བཅུད་ཟས་རིགས་སྡེབ་སྦྱོར་ལས་དོན་ཡག་པོ་སྤེལ་རྒྱུར་སྔར་བས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་ཏེ། བཟའ་བཅའི་འཚོ་བཅུད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཚན་རིག་དང་མཐུན་པའི་འཚོ་བཅུད་ཀྱི་ལྟ་བ་དང་བཟའ་བཏུང་གོམས་གཤིས་ཡག་པོ་ཞིག་འཇགས་པ་བྱ་རྒྱུ་དེ་རེད།
   མཚོ་སྔོན་ནི་ས་མཐོའི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཁུལ་ཞིག་ཡིན་ཞིང་། ས་གནས་ཁག་གི་བཟའ་འཐུང་རིག་གནས་ཀྱི་ཧེ་བག་ཅུང་ཆེ་བ་དང་། ཞིང་འབྲོག་ཁུལ་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་བཟའ་བཅའི་འཚོ་བཅུད་ཤེས་བྱ་ཅུང་དམན་པ། བཟའ་བཅའི་གྲུབ་ཆ་སྣ་གཅིག་ཡིན་པ་བཅས་རེད། སློབ་གྲྭ་འབྲིང་ཆུང་གི་དུས་མཚམས་ནི་སློབ་མ་འཚར་ལོངས་ཀྱི་འགག་རྩའི་དུས་སྐབས་ཤིག་ཡིན་པས་བཟའ་བཅའ་དོ་སྙོམས་ཡོང་རྒྱུ་ནི་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་གལ་ཆེན་ཞིག་རེད།
   མཚོ་སྔོན་ཞིང་ཆེན་གྱི་2019ལོའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་གནས་ཚུལ་ལྟ་ཞིབ་ཚད་ལེན་ལས་མངོན་པར། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ལྟ་ཞིབ་ཚད་ལེན་ཁུལ་གསུམ་གྱི་སློབ་མའི་ཤ་རིད་ཚད་དང་། འཚར་ལོངས་འགོར་ཚད། ལྗིད་ཚད་ལས་བརྒལ་ཚད། རྒྱགས་པ་ཆགས་ཚད་བཅས་12.7%དང་། 3.0% 5.7% 2.4%བཅས་སོ་སོར་ཟིན་པ་དང་། མཚོ་སྔོན་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྲོད་འཚོ་བཅུད་མི་འདང་བ་དང་འཚོ་བཅུད་མང་དྲགས་པའི་གནད་དོན་གཉིས་ཀ་ཡིན་པ་རེད།
   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བཟའ་བཅའི་འཚོ་བཅུད་མཛུབ་ཁྲིད་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ། ས་མཐོའི་ཁུལ་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་འཚོ་བཅུད་དང་བདེ་ཐང་ཐད་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཚོ་བཅུད་བདེ་ཐང་གི་སློབ་གསོ་དང་སློབ་གྲྭའི་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་དེ་སློབ་གྲྭའི་དྲིལ་བསྒྲགས་སྒྲོག་འགྲེལ་ཁག་ནང་བཅུག་ནས་རང་འགུལ་ངང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་ཐང་བཟའ་བཅའ་དང་རྒྱུན་མཐོང་གི་འཚོ་བཅུད་མི་འདང་བ་སྔོན་འགོག་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་འབྲེལ་སློབ་གྲྭའི་འཚོ་བཅུད་བཟའ་བཅའ་སྡེབ་སྦྱོར་གྱི་རྩ་དོན་དང་། ནང་དོན། བྱ་ཐབས་སོགས་ཀྱི་བཀོལ་སྤྱོད་ཚད་གཞི་ཁ་གསལ་བཟོས་ཡོད་པ་རེད།