འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་9ཉིན།

༄༅།།ཨ་ཧྥུའུ་ཀ་ནི་སི་ཐན་གྱི་ཁ་ཆེ་ལྷ་ཁང་ཞིག་ལ་འབར་མདེལ་འཇབ་རྒོལ་ཐེབས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་09ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་ཧྥུའུ་ཀ་ནི་སི་ཐན་གྱི་ཁ་ཆེ་ལྷ་ཁང་ཞིག་ལ་འབར་མདེལ་འཇབ་རྒོལ་ཐེབས།
    མི་དམངས་དྲ་བའི་འཕྲིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་དཔོན་རིགས་ཀྱིས་ཟླ་10ཚེས་8ཉིན། ཨ་ཧྥུ་ཀ་ནི་སི་ཐན་བྱང་རྒྱུད་ཀྱི་ཁུན་ཏུའུ་ཧྲི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁུན་ཏུའུ་ཧྲི་གྲོང་ཁྱེར་གྱི་ཁ་ཆེ་ལྷ་ཁང་ཞིག་ཏུ་ཉིན་དེར་བྱུང་བའི་འབར་གས་འཇབ་རྒོལ་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་བའི་མི་46བར་མང་དུ་སོང་བ་དང་། གཞན་ཡང་མི་143ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད། 
   ཁུན་ཏུའུ་ཧྲི་ཞིང་ཆེན་རིག་གནས་དང་ཆ་འཕྲིན་ཅུས་ཀྱི་དཔོན་རིགས་མ་ཏི་ཝུའུ་ལ·ལུའུ་ཧ་ཉིས་ཉིན་དེར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འབར་གས་བྱུང་ནས་མི་46རྐྱེན་ལམ་དུ་ཤོར་བ་དང་མི་143ལ་རྨས་སྐྱོན་ཕོག་ཅིང་། རྨས་མ་མང་པོ་ཞིག་གི་གནས་ཚུལ་ཉེན་ཁའི་གནས་སུ་གྱར་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་བས་མང་དུ་འགྲོ་སྲིད་ཅེས་བཤད་པ་རེད། 
    ཐ་ལི་པན་གྱི་མགྲིན་ཚབ་པ་མུའུ་ཅ་ཤིས་ཏེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། འབར་གས་དེ་ཁུན་ཏུའུ་ཧྲི་གྲོང་ཁྱེར་གྱི་ཧྲེ་ཡེ་ཤོག་ཁག་གི་ཁ་ཆེ་ལྷ་ཁང་ཞིག་ནང་བྱུང་ནས་མཆོད་འབུལ་བྱེད་མཁན་དམངས་ཚོགས་མང་པོ་ཤི་རྨས་བྱུང་ཡོད། ཐ་ལི་པན་གྱིས་དེར་བརྟག་དཔྱད་བྱེད་བཞིན་ཡོད་བརྗོད། 
   ཐལ་སྐྱོད་རྩ་འཛུགས“དབྱི་སི་ལམ་རྒྱལ་ཁབ་ཧུའུ་ལུའོ་ཧྲན”རྩ་འཛུགས་ཀྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་ནས། རྩ་འཛུགས་དེའི་རང་ཤི་རྒྱག་པའི་རྣམ་པ་ལྡན་པའི་འཇབ་རྒོལ་པ་ཞིག་གིས་ཁ་ཆེ་ལྷ་ཁང་ནང་འབར་མདེལ་གྱི་སྟོད་གོས་ཀྱིས་འབར་གས་བྱས་པ་རེད། 
ཐ་ལི་པན་གྱིས་ཟླ་8ཚེས་15ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་དབང་རྩིས་ལེན་བྱས་པ་ནས་བཟུང་། “དབྱི་སི་ལམ་རྒྱལ་ཁབ་ཧུའུ་ལུའོ་ཧྲན”རྩ་འཛུགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་མང་བཟོས་ཡོད།
༄༅།།ཨ་ཧྥུའུ་ཀ་ནི་སི་ཐན་གྱི་ཁ་ཆེ་ལྷ་ཁང་ཞིག་ལ་འབར་མདེལ་འཇབ་རྒོལ་ཐེབས།