འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་9ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོར་མ་དངུལ་གཏོང་ཚད་འོས་འགན་སློབ་གསོ་ཕུད་པའི་ཨང་གཉིས་པ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་09ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ▶ “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་ནས་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་997.5བཀོད་སྒྲིག་བྱས་པ་དང་། དེའི་ནང་ལས་རིགས་སློབ་གསོར་སྤྱོད་པའི་འགྲོ་གྲོན་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་99ཟིན་ཡོད། འོས་འགན་སློབ་གསོ་ཕུད་པའི་འགྲོ་གྲོན་ཆེ་གྲས་ཨང་གཉིས་པར་གྱུར་ཡོད།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གསོའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་ནས་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་997.5བཀོད་སྒྲིག་བྱས་པ་དང་། ལོ་རེར་ཆ་སྙོམས་6.2%འཕར་ཡོད། དེའི་ནང་ལས་རིགས་སློབ་གསོར་སྤྱོད་པའི་འགྲོ་གྲོན་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་99ཟིན་པ་དེས་སློབ་གསོའི་འགྲོ་གྲོན་བསྡོམས་འབོར་གྱི་9.9%བཟུང་བ་དང་། འོས་འགན་སློབ་གསོ་ཕུད་པའི་འགྲོ་གྲོན་ཆེ་གྲས་ཨང་གཉིས་པར་གྱུར་ནས་ལོ་རེར་ཆ་སྙོམས་11.3%འཕར་ཡོད། 
     2020ལོར་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་རེའི་ཆ་སྙོམས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་སློབ་གསོའི་གྲོན་དངུལ་སྒོར་ཁྲི་1.92ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། མཐོ་རིམ་ལས་རིགས་སློབ་གྲྭ་དང་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་མི་རེའི་ཆ་སྙོམས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་སློབ་གསོའི་གྲོན་དངུལ་སྒོར་ཁྲི་4.56ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་གསུམ་པ་དང་ནུབ་བྱང་གི་ཨང་དང་པོར་སླེབས་ཡོད་པ་རེད།
     ལས་རིགས་སློབ་གསོར་སྤྱིར་བཏང་སློབ་གསོ་དང་གཅིག་མཚུངས་ཀྱི་གལ་ཆེའི་གནས་བབ་ལྡན་ཞིང་། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་མཐོང་ཆེན་གྱིས“མང་དུ་བཏང་བའི་སློབ་གསོའི་གྲོན་དངུལ་ལས་རིགས་སློབ་གསོར་ཕྱོགས་རྒྱུའི”སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཕྱོགས་སྟོན་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། ལས་རིགས་སློབ་གསོར་མ་དངུལ་བརྟན་པོའི་ངང་མང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལོ་ལྟར་སྒོར་དུང་ཕྱུར་2.4བཏང་ནས་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་སློབ་ཡོན་དང་བསླབ་གཞིའི་རིན་པ་རྩ་ཆག་བཏང་བ་དང་། རྒྱལ་ཁབ་ཀྱི་བྱ་དགའི་སློབ་སྐྱོར་མ་དངུལ་ཁ་གསབ་བྱས་པ་དང་སྦྲགས། སློབ་མ་རེར་ཆ་སྙོམས་སྤྱི་པའི་གྲོན་དངུལ་སྤྲོད་པའི་ལམ་ལུགས་བཙུགས་ཏེ། སློབ་མ་རེར་ཆ་སྙོམས་སྒོར་4700ཁ་གསབ་རོགས་སྐྱོར་བྱས་ཡོད། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མར“བྱ་དགའ་དང་། དངུལ་བུན། ལས་བརྩོན། རོགས་རམ། ཁ་གསབ། རྩ་ཆག”བཅས་ཟུང་དུ་འབྲེལ་བའི་སློབ་མའི་མ་དངུལ་རོགས་སྐྱོར་མ་ལག་བཏོད་དེ། རོགས་སྐྱོར་གྱི་མ་དངུལ་མཐོ་འབྲིང་དཀྱུས་མའི་སློབ་མ་ལས་10%མང་དུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་21.3བཏང་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་བཞི་གནས་སྤོ་དང་འཛུགས་སྐྲུན་གྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ་དང། སློབ་གཉེར་ཆ་རྐྱེན་ལེགས་སུ་ཟམ་མི་ཆད་པར་བཏང་ནས་ལས་རིགས་སློབ་གསོའི་སློབ་གཉེར་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ཡོད། ལོ་ལྟར་སྒོར་དུང་ཕྱུར་7བཏང་ནས་དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་འཆར་གཞི་ལག་ལེན་བསྟར་ནས་ལེགས་ཆའི་ཁྱད་ལྡན་ཆེད་ལས་གཏོད་རྒྱུ་ལོ་འཁོར་གྱི་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ནང་བཅུག་སྟེ། ཁྱད་ཆོས་མངོན་གསལ་དོད་པ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་ཆེད་ལས་ཁག་གཅིག་གཏོད་རྒྱུར་རྒྱབ་སྐྱོར་བྱས་ནས་ཆེད་ལས་ཀྱི་འཇོན་ཐང་ཆེ་བ་དང་སྤྱི་ཚོགས་ཐོག་དཀོན་ཞིང་འཕྲལ་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་རེད།