འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་8ཉིན།

༄༅།།རྩོམ་པ་པོ་ཁུར་ན་ལ་2021ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་08ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རྩོམ་པ་པོ་ཁུར་ན་ལ་2021ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ།
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ལ་སི་ཐོག་ཁོར་མོ་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་སུའེ་ཏེན་རྩོམ་རིག་སློབ་གླིང་གིས་2021ལོའི་ནོ་པེར་རྩོམ་རིག་བྱ་དགའ་རྩོམ་པ་པོ་ཨ་པུའུ་ཏུའུ་ལེ·ལ་ཀྲ་ཁེ·ཁུར་ན་ལ་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 
     སུའེ་ཏེན་རྩོམ་རིག་སློབ་གླིང་གི་རྒྱུན་ལས་དྲུང་ཡིག་མཱ་ཚེ·མར་མུའུ་ཡིས་ཉིན་དེར་སི་ཐོག་ཁོར་མོ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱེད་སྐབས། ཁུར་ནར“མི་སེར་སྤེལ་བའི་ལོ་རྒྱུས”དང“ཡུལ་གྱར་བའི་མྱོང་བ”ཡི་རྩོམ་རིག་གསར་རྩོམ་ལ་དམིགས་ནས་བྱ་དགའ་ཐོབ་ཡོད་ཅེས་བཤད། 
     སུའེ་ཏེན་རྩོམ་རིག་སློབ་གླིང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་བཤད་དོན། ཁུར་ན་ཡིས“མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུགས་རྐྱེན་དང་ཡུལ་གྱར་བ་རྣམས་རིག་གནས་མི་འདྲ་བ་དང་སྐམ་ས་ཆེན་མོའི་བར་གྱི་འོབས་དོང་ཆེན་པོར་གནས་པའི་ལས་དབང་ལ་འོས་མེད་འགྲིག་ཐབས་མི་བྱེད་པ”སྟེ། ཁོས“སྙིང་རྗེ་ལྡན་པའི་སྒོ་ནས་ཁོང་གི་བརྩམས་ཆོས་ནང་བཅུག་ཡོད། རྩོམ་རིག་སློབ་གླིང་གིས་ད་དུང་ཁོང་གི་རྩོམ་རིག་འཇིག་རྟེན་ནང་ཐམས་ཅད་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་ཁོང་གི་བརྩམས་ཆོས་ནང་ཤེས་བྱའི་སྤྲོ་སེམས་ཀྱིས་སྐུལ་འདེད་གཏོང་བའི་རྫོགས་རྒྱུ་མེད་པའི་འཚོལ་ཞིབ་ཅིག་ཡོད་ཅེས་བཤད། ཁོང་གིས་ལོ་21ནས་བཟུང་རྩོམ་འབྲི་འགོ་བརྩམས་པ་དང་སི་ཝ་ཞི་ལི་སྐད་ནི་ཁོའི་ཕ་སྐད་རེད། དབྱིན་ཡིག་ནི་ཁོང་གི་རྩོམ་རིག་གི་ལག་ཆ་ཞིག་ཏུ་གྱུར་ཡོད། 
     མར་མུའུ་ཡིས་ངས་ཁུར་ན་དང་ཞལ་པར་བསྐྱོན་རེས་གནང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་ད་ལོའི་ནོ་པེར་བྱ་དགའ་ཐོབ་མཁན་གྱིས་ན་ནིང་གི་བྱེད་ཐབས་རྒྱུན་མཐུད་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཏུ་འབྲེལ་ཡོད་བྱ་དགའ་སྤྲོད་རྒྱུ་ཡིན་པ་ལས་སྲོལ་རྒྱུན་ལྟར་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོར་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་རྒྱུ་མིན། 
     ཁུར་ན་1948ལོར་སང་ཕུའུ་པར་(ད་ལྟ་ཐན་ཙན་ནི་ཡའི་ཁོངས་སུ་གཏོགས)དུ་སྐྱེས་པ་དང་། དུས་རབས་20པའི་ལོ་རབས་60པར་ཡུལ་གྱར་བ་བྱས་ནས་དབྱིན་ཇིར་གནས་སྤོས་པ་རེད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་ཁོང་གིས་བརྩམས་སྒྲུང་10ལྷག་ཙམ་དང་བརྩམས་སྒྲུང་ཐུང་གྲས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་དཔེ་སྐྲུན་བྱས་པ་དང་། བརྩམས་ཆོས་དེ་དག་ཡུལ་གྱར་བ་རྣམས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གཙོ་བོར་མི་སེར་སྤེལ་ཡུལ་མི་དམངས་ཀྱི་འཚོ་གནས་གནས་ཚུལ་བརྗོད་པ་དང་། ཐོབ་ཐང་ངོས་འཛིན་དང་། རིགས་རྒྱུད། དེ་བཞིན་ལོ་རྒྱུས་སོགས་ལ་དམིགས་པ་རེད། ཁོང་གིས་བསྟན་པའི་མི་སེར་སྤེལ་བའི་དུས་རབས་རྗེས་མའི་འཚོ་གནས་གནས་བབ་ལ་སྤྱི་ཚོགས་ཀྱི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་པ་རེད།