འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་གྱིས་རྒྱལ་སྤྱིའི་བརྒྱུད་སྤེལ་ཟུར་ཚད་ཐོག་ནས་བོད་ཀྱི་འཕེལ་རྒྱས་ལ་དམིགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོ“འཛམ་གླིང་དང་སྐད་ཆ་ཤོད་རེས་བྱེད་པའི་ཀྲུང་གོ(བོད་ལྗོངས)བོད་འབྲེལ་རྒྱལ་སྤྱིའི་བརྒྱུད་སྤེལ་རིག་གཞུང་གླེང་སྟེགས་སྐབས་གཉིས་པ”ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་དུ་འཚོཌ་པ་རེད།
     ཀྲུང་གོ་དང་། ཧན་གོ ཨ་རི་སོགས་ནས་ཡིན་པའི་མཁས་དབང་དང་སྨྱན་སྦྱོར་ལས་གཉེར་པ་དྲ་རྒྱར་ལྷན་དུ་འཛོམས་ནས་བརྒྱུད་སྤེལ་གྱི་ཚན་རིག་གི་ཆོས་ཉིད་དང་། སྨྱན་སྦྱོར་ལག་ལེན། བརྒྱུད་སྤེལ་ནང་དོན། བརྒྱུད་སྤེལ་བྱེད་ཐབས་སོགས་ཐད་ནས་ཀུན་འདུས་སྨྱན་སྦྱོར་དུས་རབས་ཀྱི་གོ་སྐབས་ཇི་ལྟར་བྱས་ནས་དམ་འཛིན་བྱེད་པར་དམིགས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་གཏམ་རྒྱུད་ཡག་པོ་གླེང་བའི་ཐོག་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
     པེ་ཅིང་སློབ་ཆེན་གྲུབ་ཆ་གསར་པའི་དཔལ་འབྱོར་རིག་པའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིན་དབྱི་ཕུའུ་ཡིས་བོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ལ་ཞིབ་བསྡུར་བྱས་པ་རེད།
     ཆིང་ཧྭ་སློབ་ཆེན་གསར་འགྱུར་དང་བརྒྱུད་སྤེལ་རིག་པའི་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཧྲི་ཨན་པིན་གྱིས་རང་རྒྱལ་གྱི་ཕྱི་ཕྱོགས་བརྒྱུད་སྤེལ་གྱི་ཞན་ཆར་དབྱེ་ཞིབ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་སྨྱན་སྦྱོར་དང་། ཆ་འཕྲིན་ཀུན་འདུས་སྨྱན་སྦྱོར། མི་སྣ་ཀུན་འཛོམས་སྨྱན་སྦྱོར། ནུས་མང་སྨྱན་སྦྱོར་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བོད་འབྲེལ་གྱི་རྒྱལ་སྤྱིའི་བརྒྱུད་སྤེལ་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཞིབ་ཕྲའི་ཐབས་ལམ་བཏོན་ཡོད།
     Discoveryའཚོལ་ཞིབ་སྨྱན་སྦྱོར་ཚོགས་པའི་སྤྱི་ཁྱབ་ཙུང་ཚའེ་གཞོན་པ་ཝུའེ་ཁེ་རན་གྱིས་ཉེ་དུས་ཀྱི་ལས་རིགས་ལག་ལེན་དང་ཞིབ་ཕྲའི་ལེ་ཚན་རྣམ་པ་དང་ཟུང་འབྲེལ་བྱས་ནས“འཛམ་གླིང་གི་སྐད་ཆའི་ཐོག་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་དགོས”ཞེས་པའི་དཔྱད་གཞིའི་གྲོས་འགོ་བཏོན་པ་རེད།
     ཧན་གོའི་རླུང་འཕྲིན་ཀུང་སིའི་མཐོ་རིམ་གློག་བརྙན་སྒྲིག་བཟོ་བ་ཧྥེ་ཅི་ཧེང་གིས་སྨྱན་སྦྱོར་གྱི་ནུས་པ་དང་། བོད་རིགས་ཀྱི་རིག་གནས་དར་སྤེལ། རིག་གནས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་ཐད་ནས་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་རང་བཞིན་ནི་བོད་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་པས་སྨྱན་སྦྱོར་བས་བོད་ཀྱི་རིག་གནས་ལ་དམིགས་ནས་སྨྱན་སྦྱོར་གྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་ཞེས་གྲོས་འགོ་བཏོན་ཡོད།
     ཡུན་ནན་སློབ་ཆེན་གསར་འགྱུར་སློབ་གླིང་གི་ཡོན་ཀྲང་ལེའོ་ཧྲེང་ཆིང་གིས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་གནས་ཚུལ་གསར་ཤོས་ཁོང་དུ་ཆུད་པ་དང་སྨྱན་སྦྱོར་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བརྒྱུད་སྤེལ་ཐབས་ལམ་རྒྱ་ཆེར་གཏོང་བ་དང་བོད་ཀྱི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས་པའི་ངོས་འཛིན་བྱས་པ་རེད།