འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།ལུའུ་ཀུའུ་མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཉིང་ལང་རྫོང་ཡུང་ཉིང་གྲོང་རྡལ་སན་ཅ་གྲོང་ཚོའི་མཚེའུ་ཡི་སྐྱེ་ཁམས་ཁུལ་འཛུགས་སྐྲུན་དང་དེ་བཞིན་འདམ་ར་ཉམས་གསོའི་རྣམ་གྲངས་ཡིན་པ།
འདི་ནི་ཉིང་ལང་རྫོང་ཡུང་ཉིང་གྲོང་རྡལ་སན་ཅ་གྲོང་ཚོའི་མཚེའུ་ཡི་སྐྱེ་ཁམས་ཁུལ་འཛུགས་སྐྲུན་དང་དེ་བཞིན་འདམ་ར་ཉམས་གསོའི་རྣམ་གྲངས་ཡིན་པ།
     སི་ཁྲོན་དང་ཡུན་ནན་འབྲེལ་མཚམས་ཁུལ་དུ་གནས་པའི་ལུའུ་ཀུའུ་མཚེའུ་ནི་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ལ་ཐུན་མོང་ཐོག་དབང་བའི་ཞིང་ཆེན་སྒྲོལ་བའི་མཚེའུ་ཞིག་ཡིན། མཚེའུ་ཡི་ཆུ་སྤུས་རྒྱལ་ཁབ་ཀྱི་Ⅰརིགས་ཀྱི་ཆུའི་ཚད་གཞིར་རྒྱུན་འཁྱོངས་བརྟན་པོ་བྱུང་ཞིང་། ཉེ་བའི་ལོ་ཤས་རིང་ལུའུ་ཀུའུ་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་ཆེད། ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་ཉིང་ལང་དབྱིས་རིགས་རང་སྐྱོང་རྫོང་གིས་སྨི་80ཡི་སྐྱེ་ཁམས་དམར་ཐིག་ནང་ཚུན་གྱི་གྲོང་མིའི་མགྲོན་ཁང་ཕྱིར་འཐེན་བཤིག་སྤོ་དང་། མཚེའུ་ཡི་ངོགས་ཀྱི་སྐྱེ་ཁམས་ཁུལ་འཛུགས་སྐྲུན། མཚེའུ་དང་ཆུ་ལམ་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱས་ཏེ། སྲུང་སྐྱོང་དང་བཅོས་སྐྱོང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།