འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།ནུབ་རླངས་ཤར་འདྲེན་གྱི་ལམ་གསུམ་གྱི་དུམ་བུ་བར་མའི་ལས་གྲྭ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ནུབ་རླངས་ཤར་འདྲེན་གྱི་ལམ་གསུམ་གྱི་དུམ་བུ་བར་མའི(ཀྲུང་ཝུའེ་ནས་ཅི་ཨན་བར)ཀྱི་ལས་གྲྭ་ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་དུ་དངོས་སུ་སྐྲུན་འགོ་ཚུགས་པ་དང་། ལས་གྲྭའི་སྤྱིའི་རིང་ཚད་ལ་སྤྱི་ལེ་2090ཡོད་ཅིང་། ཉིང་ཞ་ཀྲུང་ཝུའེ་ནས་ཉིང་ཞ་དང་། ཀན་སུའུ། ཧྲའན་ཤིས། ཧོ་ནན། ཧུའུ་པེ། ཧུའུ་ནན། ཅང་ཤིས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)7བརྒྱུད་དེ་མཇུག་སྣེ་ཅང་ཤིས་ཅི་ཨན་བར་རེད།
     རྒྱལ་ཁབ་མདོང་ལམ་དྲ་བ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། མདོང་ལམ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། འཛུགས་སྐྲུན་བྱས་ཟིན་པའི་ནུབ་རླངས་ཤར་འདྲེན་གྱི་དུམ་བུ་གསུམ་པའི་ནུབ་རྒྱུད་དུམ་བུ(ཧོར་གོ་སི་ནས་ཀྲུང་ཝུའེ་བར)དང་ཤར་རྒྱུད་དུམ་བུ(ཅི་ཨན་ནས་ཧྥུའུ་ཀྲོའུ་བར)སྦྲེལ་མཐུད་བྱས་ནས་ནུབ་རྒྱུད་ཀྱི་ཐོན་ཁུངས་དང་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་ཀྱི་ཁྲོམ་ར་སྦྲེལ་མཐུད་ནུས་ལྡན་ཐུབ་སྟེ། རང་རྒྱལ་གྱི་དབུས་ཤར་ཁུལ་གྱི་རང་བྱུང་སོལ་རླངས་མདོང་ལམ་དྲ་བའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། ད་ཡོད་ཀྱི་ས་ཁོངས་སུ་རླངས་འདྲེན་མདོང་ལམ་དང་རྒྱལ་ཡོངས་ཀྱི་རང་བྱུང་སོལ་རླངས་ཀྱི་མདོང་ལམ་ཨ་མ་ཕན་ཚུན་སྦྲེལ་མཐུད་ཡོང་བ། རྒྱལ་ཁབ་ཕྱི་ནང་གི་ཐོན་ཁུངས་མཁོ་སྤྲོད་ཀྱི་ཐབས་ལམ་ཤར་བགྲོད་ཡོང་བ། རང་བྱུང་སོལ་རླངས་བཀོད་སྒྲིག་གི་བབ་བསྟུན་རང་བཞིན་ཆེ་རུ་འགྲོ་བ་བཅས་བྱུང་ནས། ལམ་རྒྱུད་ས་ཁུལ་གྱི་ནུས་རྒྱུ་མཁོ་སྤྲོད་དང་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་ལེགས་བཅོས་ལ་འགན་སྲུང་ནུས་ལྡན་ཐུབ་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་བྱུང་སོལ་རླངས་ཀྱི་མདོང་ལམ་དྲ་བ“གཞུང་ལྔ་འཕྲེད་ལྔའི”རྣམ་པ་གསར་པ་གཏོད་རྒྱུར་རམ་འདེགས་ཡོང་ངེས་རེད་ཅེས་བཤད།