འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།བརྡ་ཁྱབ་འདི་རིགས་སྟོན་མཚམས་འཇོག་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གཞུང་ལས་ཐིང་གིས“མཛེས་བཟོ་དངུལ་བུན”དང་དེ་དང་འདྲ་བའི་བརྡ་ཁྱབ་སྟོན་མཚམས་འཇོག་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་བ་རེད། 
     བརྡ་ཐོའི་ནང་བསྟན་དོན། ཉེ་དུས་ཤེས་རྟོགས་བྱུང་བར་གཞིགས་ན།“མཛེས་བཟོ་དངུལ་བུན་”གྱི་བརྡ་ཁྱབ་ཁག་གཅིག་གིས་སྐྱེད་ཀ་དམའ་བའམ་ཐ་ན་སྐྱེད་ཀ་མེད་ཟེར་བའི་ཐོག་ནས་ན་གཞོན་གྱི་ཡིད་དབང་བཀུག་ནས་སྔོན་བརྒལ་འཛད་སྤྱོད་དང་ཚད་བརྒལ་འཛད་སྤྱོད་བྱེད་པའི་བསླུ་བྲིད་བྱས་པས། དྲིལ་བསྒྲགས་རྫུན་མ་དང་མགོ་སྐོར་གཏོང་བ། འཛད་སྤྱོད་པར་ནོར་ཁྲིད་བཅས་བྱེད་པའི་དོགས་པ་ཡོད་པས་ཤུགས་རྐྱེན་ངན་པ་བཟོས་ཡོད། དེར་བརྟེན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཉིན་དེ་ནས་བཟུང་རླུང་འཕྲིན་བརྙན་འཕྲིན་དང་། དྲ་སྦྲེལ་ལྟ་ཉན་སྒྲིག་གཞི་དང་ལས་སྟེགས་བཅས་ཁག་གིས་“མཛེས་བཟོའི་དངུལ་བུན”དང་དེ་དང་འདྲ་བའི་བརྡ་ཁྱབ་སྟོན་མཚམས་འཇོག་དགོས་པའི་གཏན་འབེབས་བྱས་པ་རེད། 
     བརྡ་ཐོའི་ནང་བླང་བྱ་བཏོན་དོན། རླུང་འཕྲིན་བརྙན་འཕྲིན་དང་། དྲ་སྦྲེལ་ལྟ་ཉན་སྒྲིག་གཞི་དང་ལས་སྟེགས་བཅས་ཁག་གིས་དེར་ཚད་མཐོའི་མཐོང་ཆེན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་བརྡ་ཁྱབ་དྲིལ་བསྒྲགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། དེར་ཞིབ་དཔྱད་གཙང་སེལ་བྱེད་པའི་སྒྲིག་འཛུགས་དམ་འཛིན་བྱེད་པ་བཅས་ལ་བརྟེན་ནས་གོང་གསལ་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། བརྒྱུད་བསྒྲགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱེད་དགོས།