འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།ཤར་རྒྱུད་འཐབ་ཁུལ་གྱིས་བྱ་སྤྱོད་འདི་རིགས་ནི་མ་རུང་ཁོག་བཅུག་ཅིག་རེད་ཟེར།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ9པའི་ཚེས27ཉིན། ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་དབྱིན་ཇིའི“ལི་ཧྲི་མན”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཐེ་ཝན་མཚོ་འགག་བརྒྱུད་པར་དམིགས་ནས་གཏམ་བཤད་སྤེལ། 
     ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་སྐམ་དམག་གི་ཏ་ཞའོ་ཧྲི་དབྱི་ཡིས་བསྟན་དོན། ཟླ་9ཚེས་27ཉིན་དབྱིན་ཇིའི“ལི་ཧྲི་མན”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཐའེ་ཝན་མཚོ་འགག་བརྒྱུད་པ་དང་འབྲེལ་ཡོངས་བསྒྲགས་ངང་འུད་སྒྲོག་ཀྱང་བྱས་ཁར།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་དང་མཁའ་དབྱིངས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་དང་ཉེན་ཟོན་བྱས་ཡོད། དབྱིན་ཇི་ཕྱོགས་ཀྱིས་ངལ་བ་སྟོང་ཟད་ཀྱིས“རང་ཡོད་བསམ་པ”ངོམ་པའི་བྱ་སྤྱོད་འདི་རིགས་ནི་མ་རུང་ཁོག་བཅུག་ཅིག་ཡིན་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། དེའི་སྐབས་འཚོལ་གྱི་བསམ་བློ་གང་ལེགས་མངོན་ཡོད་པ་བཅས་རེད།  འཐབ་ཁུལ་གྱི་དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་བྱས་ནས་འཇིགས་སྐུལ་དང་འཁྲུག་རྐྱེན་སློང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།