འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།ཀྲའོ་ལེ་ཅི་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲའོ་ལེ་ཅི་ཚེས་26ཉིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དངུལ་རྩ་ཚན་པའི་ཏང་རྩ་འཛུགས་ལ་གཅིག་སྡུད་སྐོར་གཟིགས་བྱ་རྒྱུའི་སྐོར་བཀོད་སྒྲིག་གནང་བ་དང་། དངུལ་རྩའི་ལས་དོན་དང་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐོར་གཟིགས་བྱ་ཡུལ་དངུལ་རྩ་ཚན་པའི་ལས་དོན་གྱི་ལས་འགན་དང་གཙོ་གནད་ཁོང་དུ་ཡང་དག་ཆུད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྒམ་བརླིང་ནན་ཏན་དང་ཞིབ་ཚགས་གཏིང་ཟབ་ངང་སྐོར་གཟིགས་ལས་དོན་སྤེལ་བ། སྐོར་གཟིགས་ཀྱི་ངེས་གནས་བརྟན་སྲུང་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་དང་སྐུལ་འདེད་གཏོང་བ། སྐོར་གཟིགས་ཀྱི་སྤུ་གྲིའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ་དངུལ་རྩའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲའོ་ལེ་ཅིས། སྐོར་གཟིགས་ནི་ཆབ་སྲིད་ཀྱི་ལྟ་སྐུལ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཡིན་པས་ཆབ་སྲིད་ཐོག་ནས་ལྟ་སྟངས་འཛིན་པ་དང་ཁོང་དུ་ཆུད་པ་མཐའ་འཁྱོངས་བྱེད་པ་དང་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རྩ་བའི་ལས་འགན་དུ་བརྩི་དགོས།
     ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པ། དངུལ་རྩའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་རུལ་སུངས་ལ་ཆད་གཅོད་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་པ་སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གལ་ཆེན་ལ་དམིགས་ནས། ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་འགོ་ཁྲིད་ཀྱི་འགན་འཁྲི་ཁུར་སྐབས་ལྷག་པའི་ཆབ་སྲིད་ཀྱི་ཡོ་ཁྱད་དང་དངུལ་རྩའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་གཏིང་ཟབ་བྱེད་པ་དང་། དངུལ་རྩའི་ཚན་པས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ལས་འགན་ཨང་དང་པོར་འཇོག་རྒྱུར་སྐུལ་འདེབས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ནན་ཏན་ངང་སྒྲུབ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་དང་དངོས་ཚན་དཔལ་འབྱོར་གྱི་དངུལ་རྩའི་དགོས་མཁོ་དེ་བས་གང་ལེགས་སྐོང་བ་བཅས་བྱས་ཏེ། བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་ཞེས་གསུངས་པ་རེད།
     ཀྲའོ་ལེ་ཅིས། དངུལ་རྩའི་ལས་རིགས་ཀྱི་ཁུལ་མི་འདྲ་བ་དང་། ཚན་པ་མི་འདྲ་བ། རིམ་པ་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། ཐུན་མོང་རང་བཞིན་སྟངས་འཛིན་དང་བྱེ་བྲག་རང་བཞིན་མངོན་པར་བྱས་ནས་སྐོར་གཟིགས་བྱ་ཡུལ་ཏང་ཨུད(ཏང་ཙུའུ)ལ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་གནད་ལ་འཁེལ་པོས་འཚོལ་ཞིབ་བྱས་ཏེ་སྐོར་གཟིགས་ཀྱི་ཚན་རིག་རང་བཞིན་དང་། གནད་སྨིན་རང་བཞིན། ཕན་འབྲས་རང་བཞིན་བཅས་ཆེ་རུ་གཏོང་དགོས། དངུལ་རྩའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་དང་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན། དངུལ་རྩའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་ལས་འགན་གསུམ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གནད་དོན་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་དང་རྩ་བའི་དགོངས་གཞི་ནན་པོ་མཐའ་འཁྱོངས་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བྱེད་པའི་ཐད་ཀྱི་གནད་དོན། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་དང་། འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ཀྱི་གནད་དོན། སྐོར་གཟིགས་དོན་འཁྱོལ་དང་རྩིས་བཤེར་དག་ཐེར་སོགས་ཐད་ཀྱི་གནད་དོན་བཅས་བཙལ་འཚོལ་བྱེད་པར་ཤུགས་སྣོན་རྒྱག་དགོས། སྐོར་གཟིགས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་གཟིགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ལྟ་སྐུལ་ཏན་ཏིག་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་བ་དང་དངུལ་རྩའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དངུལ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།