འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།ལྷ་སའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་དུས་ཚོད་གཏན་འཁེལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2021ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་འགོ་ཚུགས་གྲབས་ཡོད། 
     2021ལོའི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་ཅིང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་བཅས་ཀྱིས་སྒྲུབ་འགན་འཁུར་བའི་2021ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་དེ་ཟླ་10ཚེས་16ཉིན་གྱི་སྔ་དྲོའི་དུས་ཚོད་9དང་སྐར་མ་30ཡི་ཐོག་བོད་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་ཐང་ཆེན་དུ་འགོ་འཛུགས་རྒྱུ་རེད།
     མིང་ཐོ་འགོད་པའི་དུས་ཚོད། ཟླ་9ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10:00ནས་ཟླ་10ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17:00བར་ཡིན།
     འགྲན་བསྡུར་གྱི་གཞི་ཁྱོན། 2021ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་གཞི་ཁྱོན་མི་3000ཡིན་ཞིང་། དེ་ལས་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་(སྤྱི་ལེ་21.0975)ལ་མི་600དང་། བཞི་ཆའི་གཅིག་གི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་(སྤྱི་ལེ་10.54875)ལ་མི་600 མ་ལ་སུང་རྒྱང་རྒྱུག་ཐུང་གྲས་(སྤྱི་ལེ་5)ལ་མི་1800བཅས་ཡོད་པ་རེད།  
     དོ་སྣང་བྱ་དགོས་པ་འགའ། ད་ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱིས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་《ཀྲུང་གོའི་ས་ཁོངས་ནང་གི་མ་ལ་སུང་རྒྱང་རྒྱུག་དང་དེ་བཞིན་འབྲེལ་ཡོད་ལུས་རྩལ་འགྲན་བསྡུར་གྱི་འགྲན་སྲོལ་ལ་ཤུགས་སྣོན་བརྒྱག་རྒྱུའི་སྐོར་གྱི་དོ་དམ་གཏན་འབེབས་》དང་། སྒྲིག་འཛུགས་ཨུ་ལྷན་གྱིས་བཟོས་པའི་《2021ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་སྒྲིག་འཛུགས་ཀྱི་བདེ་འཇགས་ཉེན་ཁའི་སྔོན་འགོག་ཚོད་འཛིན་ཇུས་གཞི། 》《2021ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་ནད་ཡམས་སྔོན་འགོག་ཚོད་འཛིན་ཇུས་གཞི་》བཅས་ལག་བསྟར་ནན་པོ་བྱ་རྒྱུ་ཡིན་པ་རེད། འགྲན་ཞུགས་པས་མིང་ཐོ་འགོད་སྐབས་རིམས་འགོག་སྨན་ཁབ་བརྒྱབ་པའི་བདེན་དཔང་ཡི་གེ་དང་། ཆུ་ཚོད48ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་བདེན་དཔང་ཡི་གེ་མཁོ་འདོན་བྱ་དགོས་པ་དང་། མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་པའི་ལུས་རྩལ་པ་འགྲན་བསྡུར་ནང་ཞུགས་ཆོག
     མིང་ཐོ་འགོད་ཐབས་མི་འགྱངས་པར་གསལ་བསྒྲགས་བྱ་རྒྱུ་ཡིན་ལ། འགྲན་ཞུགས་པས་2021ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་གཞུང་ཕྱོགས་ཀྱི་མིང་ཐོ་འགོད་སའི་དྲ་ཚུགས་www.lasamarathon.comདང་། ཡང་ན་ཀྲུང་རྩལ་བདེ་ཐང་ཆེན་མོའི་སྐད་འཕྲིན་སྤྱི་སྟེགས་ZTDJK306ལ་དོ་ཁུར་བྱས་ནས་འགྲན་བསྡུར་གྱི་ཆ་འཕྲིན་སྐོར་ལ་རྒྱུས་ལོན་བྱས་ཆོག 
     ཤ་ཚའི་དྲན་སྐུལ། གལ་སྲིད་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་དབང་གིས་འགྲན་བསྡུར་རྒྱུན་ལྡན་ལྟར་སྤེལ་མ་ཐུབ་ཚེ་ལོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད།