འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།མི་འདི་4མཐོང་ཚེ་མྱུར་དུ་ཉེན་བརྡ་གཏོང་དགོས།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧའེ་ནན་ཧའེ་ཁོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“ཝུའུ་ཙུང་ལུང་དང་ཝུའུ་ཙུང་ཆན་སོགས་ཀྱིས་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་སྒྲིག་འཛུགས་དང་། སྣེ་ཁྲིད། དེའི་ནང་ཞུགས་པ་བཅས་བྱེད་པའི་གྱོད་གཞིའི”ཁྲོད་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་4ལ་ཡོངས་བསྒྲགས་ངང་བྱ་དགའ་སྤྲད་དེ་བྲོས་འདེད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 
     ཉེན་རྟོག་ཕྱོགས་ཀྱིས་མི་དམངས་མང་ཚོགས་ལ་སྤྱི་བདེ་ལས་ཁུངས་ལ་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་མཁོ་འདོན་ཧུར་ཐག་བྱེད་པ་དང་རིན་ཐང་ལྡན་པའི་ཁུངས་སྣེ་མཁོ་འདོན་བྱས་ནས་ཉེས་གསོག་དོགས་ཅན་ཞིག་འཛིན་བཟུང་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཤོག་སྒོར་ཁྲི་10ཡི་བྱ་དགའ་སྤྲོད་པ་དང་འབྲེལ་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ལ་གསང་སྲུང་ནན་པོ་བྱེད་པའི་འབོད་སྐུལ་བྱས་པ་རེད། 
     གཞན་ཡང་། སྤྱི་བདེ་ལས་ཁུངས་ཀྱིས་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་ལ་ཁྲིམས་གཏུག་བྱེད་བཞིན་ཡོད་པས་དུས་བབ་ལ་ངོས་འཛིན་གསལ་པོ་དང་སྟེས་དབང་གི་བསམ་ཚུལ་དོར་ནས་རང་འགུལ་ངང《ནག་ཚོགས་དང་འབྲེལ་བ་ཡོད་པའི་བྲོས་བྱོལ་དུ་སོང་བའི་མི་སྣས་རང་ཉེས་ངོས་ལེན་ཞུ་རྒྱུར་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་གཏན་འབེབས་བྱས་པའི་2021ལོའི་ཟླ་10ཚེས་31ཉིན་གྱི་གོང་རང་ཉེས་ངོས་ལེན་ཞུས་ནས་གུ་ཡངས་ཐག་གཅོད་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བཤད་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་རང་ཉེས་ངོས་ལེན་མ་ཞུས་པ་དང་། བཅའ་ཁྲིམས་ལས་འགལ་བའམ་ཡང་ན་འགོག་རྒོལ་མཐའ་གཅིག་ཏུ་བྱེད་མཁན་ལ་ངེས་པར་དུ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། བྲོས་བྱོལ་དུ་སོང་བའི་མི་སྣ་བྲོས་བྱོལ་དུ་འགྲོ་བར་མཐུན་རྐྱེན་སྐྲུན་མཁན་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།