འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།མོང་ཝན་ཀྲོའུ་ཀྲུང་གོ་སྲིད་གཞུང་གི་གཙང་གླས་གནམ་གྲུར་བསྡད་ནས་བདེ་འཇགས་ངང་མེས་རྒྱལ་དུ་ལོག་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་24ཉིན་མཁྱེན་ལྡན་མ་མོང་ཝན་ཀྲོའུ་ཀྲུང་གོ་སྲིད་གཞུང་གི་གཙང་གླས་གནམ་གྲུར་བསྡད་དེ་ཁ་ན་ཏ་ནས་ཁ་བྲལ་བ་དང་འབྲེལ། པེ་ཅིང་གི་དུས་ཚོད་ཟླ་9ཚེས་25ཉིན་གྱི་ཆུ་ཚོད་21དང་སྐར་མ་52ལ་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། ཁོང་མེས་རྒྱལ་གྱི་པང་དུ་ལོག་ནས་ནང་མི་དང་མཉམ་འཛོམས་བྱུང་བ་རེད།
     ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སྐད་ཆ་དྲིས་པར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་མོང་ཝན་ཀྲོའུ་དོན་རྐྱེན་ལ་འཛིན་པའི་ལངས་ཕྱོགས་ད་བར་འགྱུར་བ་མེད་ལ་ཁ་གསལ་པོའང་ཡིན། དེ་ནི་ཀྲུང་གོའི་སྤྱི་དམངས་ལ་དམིགས་པའི་ཆབ་སྲིད་ཀྱི་གནོད་འཚེ་བཏང་བའི་དོན་རྐྱེན་ཞིག་ཡིན་པ་དང་དམིགས་ཡུལ་ནི་ཀྲུང་གོའི་ལག་རྩལ་མཐོ་བའི་ཁེ་ལས་མགོ་གནོན་པའི་ཆེད་དུ་ཡིན་པ་སྔ་ས་ནས་དོན་དངོས་ལས་ར་འཕྲོད་གསལ་པོ་བྱུང་ཡོད། མཁྱེན་ལྡན་མ་མོང་ཝན་ཀྲོའུ“མགོ་སྐོར་གཡོ་འཁྲུལ་རྩེ་བ”ཟེར་བར་ཁ་གཡར་ནས་སྐྱོན་འདོན་ཞུ་གཏུག་བྱས་པ་ནི་བསྙད་མེད་བསྙད་འདོགས་བྱས་པ་ཞིག་རེད། ཨ་རི་ཕྱོགས་ཀྱིས“གནོད་འཚེ་ཕོག་མཁན་རེད”ཅེས་པའི་ཧུའེ་ཧྥུང་དངུལ་ཁང་གིས་ཀྱང་མཁྱེན་ལྡན་མ་མོང་ཝན་ཀྲོའུ་ལ་ཉེས་པ་མེད་པའི་དཔང་རྟགས་ཡིག་ཆ་ཞིག་བསྟན་ཡོད། ཨ་རི་དང་ཁ་ན་ཏའི་བྱེད་ལུགས་བྱེད་སྟངས་དེ་ནི་དཔེ་མཚོན་རང་བཞིན་གྱི་གང་བྱུང་དུ་བཀག་ཉར་བྱེད་པ་རང་རེད་ཅེས་བརྗོད་པ་རེད།