འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་26ཉིན།

༄༅།།པེ་ཅིང་ཁྲང་ཨན་ཁྲོམ་གཞུང་དུ་མེ་ཏོག་སྟེགས་བུ་བསྒྲིགས་ཟིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་26ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།པེ་ཅིང་ཁྲང་ཨན་ཁྲོམ་གཞུང་དུ་མེ་ཏོག་སྟེགས་བུ་བསྒྲིགས་ཟིན།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན་པེ་ཅིང་ཁྲང་ཨན་ཁྲོམ་གཞུང་ལམ་རྒྱུད་10རུ་རྒྱལ་སྟོན་བསུ་བའི་ལངས་གཟུགས་མེ་ཏོག་སྟེགས་བུ་བསྒྲིགས་ཡོད། 
     པེ་ཅིང་ཅན་གོ་མོན་གྱི་ནུབ་བྱང་མཚམས་སུ“སྔ་འཛིན་ཕྱི་གཏོད”ཀྱི་བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ་ཡོད། མེ་ཏོག་སྟེགས་བུའི་མཐོ་ཚད་ལ་སྨི་8ཟིན་པ་དང“རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་པའི་ཡི་གེའི་དར་དམར་རྒྱབ་ལྗོངས་སུ་བྱས་ཏེ་དུས་རབས་གསར་པའི་སྣེ་ཁྲིད་པས་མུ་མཐུད་མདུན་སྐྱོད་བྱེད་པའི་སྐད་གསང་མཐོན་པོའི་དུང་བརྡ་བསྒྲགས་ནས་འགྲོ་ལམ་གསར་པའི་ཐོག་ཡག་པོ་བསྐྱོད་དེ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་པ་མཚོན་ཡོད།  
     པེ་ཅིང་ཏུང་ཏན་ཤར་ལྷོ་མཚམས་སུ“སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པའི་བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ་ཡོད། མེ་ཏོག་སྟེགས་བུའི་མཐོ་ཚད་ལ་སྨི་9ཟིན་པ་དང་། དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་རྒྱབ་ལྗོངས་བྱས་ནས(འཛམ་གླིང་དུ་ཐོག་མར་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་600ཟིན་པའི་མྱུར་བགྲོད་ཁབ་ལེན་འཕྱོ་གཡེང་མེ་འཁོར་དང་། གྲོང་ཁྱེར་འཛུགས་སྐྲུན། མིས་བཟོས་རིག་སྟོབས། 5G ཉིང་ལྷེབ་དང་ཚན་ཚན་ཕྲེང་འབྲེལ་སོགས)རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་ཁག་ཐེག་བྱེད་པར་འགོ་ཡག་པོ་རྩོམ་པ་དང་གོམས་སྟབས་ཡག་པོ་སྤོ་བ་མཚོན་ཡོད། 
     པེ་ཅིང་ཞི་ཏན་བྱང་ཤར་མཚམས་སུ“འཆམ་མཐུན་མཉམ་གནས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་མེ་ཏོག་སྟེགས་བུ་ཡོད། མེ་ཏོག་སྟེགས་བུའི་མཐོ་ཚད་ལ་སྨི་8ཟིན་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དབྱར་དུས་ཀྱི་འདམ་རའི་མཛེས་ལྗོངས་ཀྱིས་གཙོར་བྱས་ནས་ཁྲུང་ཁྲུང་གི་ཞབས་བྲོ་འཁྲབ་པ་དང་། རྩྭ་ཆུ་བཟང་བ། མེ་ཏོག་པད་མ་ལྷུག་པར་བཞད་པ་དང་ཉ་མོས་མཆོང་ལྡིང་བྱེད་པ་སོགས་བཀོད་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རི་ཆུ་དང་ཞིང་ལས། མཚོ་མཚེའུ། རྩྭ་ཐང་བཅས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་བཏོད་དེ“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས”ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ཡིན་པ་མཚོན་ཡོད།  
     པེ་ཅིང་ཞི་ཏན་ཤར་ལྷོའི་མཚམས་སུ“ལྗང་མདོག་འཕེལ་རྒྱས” ཀྱི་བརྗོད་བྱ་གཙོ་བོའི་མེ་ཏོག་སྟེགས་བུ་ཡོད། མེ་ཏོག་སྟེགས་བུའི་མཐོ་ཚད་ལ་སྨི་9.5ཟིན་པ་དང་། མེ་ཏོག་སྣ་བརྒྱ་བཞད་པའི་རྣམ་པ་བརྒྱུད་པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་དང་ཉི་འོད་ནུས་པའི་པང་ལེབ། ལྕགས་རྟ་བཞོན་མཁན་དང་། ཤིང་འཛུགས་མཁན་གྱི་བྱིས་པ། ཐཱན་སྙོམས་རྩིས་རྒྱག་མཉམ་འགུལ་སྒྲིག་ཆས་སོགས་བཀོད་སྒྲིག་བྱས་ཏེ་ནགས་ལས་ཀྱི་ཐཱན་འདུས་ཚད་མཐོ་རུ་གཏོང་བ་བརྒྱུད་ཐཱན་སྙོམས་སྒྲིག་མངོན་འགྱུར་ཡོང་བར་རོགས་རམ་བྱེད་པ་དང་དུས་མཚུངས་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ་མཚོན་ཡོད།
     པེ་ཅིང་ཞི་ཏན་ལྷོ་ནུབ་མཚམས་སུ “དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ་ཡོད།  མེ་ཏོག་སྟེགས་བུའི་མཐོ་ཚད་སྨི་8.5ཟིན་པ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུ་བའི་གངས་འཁྱག་མཛེས་ལྗོངས་གཙོར་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་འཕེལ་རྒྱས་བཏང་བ་བརྒྱུད་བདེ་ཐང་གི་ཀྲུང་གོ་ཞིག་ཧུར་ཐག་བསྐྲུན་ནས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་མཚོན་པར་བྱས་ཡོད།
     པེ་ཅིང་ཞི་ཏན་ནུབ་བྱང་མཚམས་སུ“གྲོང་གསེབ་དར་རྒྱས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་མེ་ཏོག་སྟེགས་བུ་ཡོད། མེ་ཏོག་སྟེགས་བུའི་མཐོ་ཚད་སྨི་8.5ཟིན་པ་དང་། སྟོན་དུས་ཀྱི་ལོ་ལེགས་རྣམ་པ་གཙོར་བྱས་ནས་ཐོན་ལས་དར་རྒྱས་དང་། སྣོད་བཅུད་གནས་བཅའ་བར་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་མཚོན་ཡོད་པ་རེད། 
     པེ་ཅིང་ཧྥུའུ་ཞིན་མོན་གྱི་བྱང་ཤར་མཚམས་སུ“རླབས་ཆེ་བའི་འཐབ་ལམ”གྱི་མེ་ཏོག་སྟེགས་བུ་ཡོད། མེ་ཏོག་སྟེགས་བུའི་མཐོ་ཚད་སྨི་8.5ཟིན་ཡོད་པ་དང་། རླུང་བརྟེན་རླབས་གཤགས་ཀྱི་གཡོར་གྲུ་གཙོར་བྱས་ནས“ཀྲུང་གོའི་ཕུགས་འདུན”ཞེས་པའི་ཡི་གེ་བཀོད་ནས་རང་རྒྱལ་འདི་ཉིད་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་འགྲོ་ལམ་གསར་པའི་ཐོག་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་མཚོན་ཡོད།
【1】  【2】  【3】
༄༅།།པེ་ཅིང་ཁྲང་ཨན་ཁྲོམ་གཞུང་དུ་མེ་ཏོག་སྟེགས་བུ་བསྒྲིགས་ཟིན།