འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་25ཉིན།

༄༅།།བོད་བྱང་ཐང་མཐིལ་གྱི་སྟོན་གྱི་རང་མདངས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་25ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་9ཚེས་23ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་འོམ་བུ་ལྷོ་གྲོང་ཚོའི་གྲོང་མིས་ནས་བརྔ་བཞིན་པ།
འདི་ནི་ཟླ་9ཚེས་23ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་འོམ་བུ་ལྷོ་གྲོང་ཚོའི་གྲོང་མིས་ནས་བརྔ་བཞིན་པ།
     འོམ་བུ་ཤང་འོམ་བུ་ལྷོ་གྲོང་ཚོ་ནི་དྭངས་ར་གཡུ་མཚོའི་ངོགས་སུ་གནས་ཤིང་ས་བབ་མཐོ་ཚད་སྨི་4645ཟིན་གྱི་ཡོད། འདི་ག་ནི་ས་མ་འབྲོག་ཡིན་པས་བོད་བྱང་ཐང་ས་མཐོ་ནས་དམིགས་བསལ་ཆེ་བའི་ས་ཆ་ཞིག་རེད། འོམ་བུ་ཤང་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གིས་འབྲོག་ལས་གཙོ་བོར་གཉེར་མཁན་བོད་བྱང་ཐང་དུ་མཐོང་དཀོན་པའི་ཞིང་ཐང་ཡངས་མོ་ཞིག་བསྐྲུན་ཡོད།
     འོམ་བུ་ཤང་དུ་ཞིང་འབྲོག་མང་ཚོགས་2109ཡོད་པ་དང་དེའི་ཁོངས་གཏོགས་ཀྱི་གྲོང་ཚོ་གཉིས་ཀ་ས་མ་འབྲོག་ཡིན་ཞིང་། ཤང་ཡོངས་ཀྱི་རྨོ་ཞིང་གི་རྒྱ་ཁྱོན་མུའུ་666.19དང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་443.16ཟིན་པ་དང་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་མི་དམངས་ཤོག་སྒོར་9853ཟིན་གྱི་ཡོད། 2014ལོར་འོམ་བུ་ལྷོ་གྲོང་ཚོ་དེ་ཉིད“ཀྲུང་གོའི་ཁྱད་ལྡན་གྲོང་ཚོར”བདམས་ཡོད།