འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་24ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འབྲེལ་གཏུག་ཁང་
ཐོག་མ་སྒོ་བྱང་བཀལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་24ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འབྲེལ་གཏུག་ཁང་ཐོག་མ་སྟེ། བོད་ལྗོངས་སྨར་ཁམས་ཀྱི་ཡུན་ནན་སྤྲེལ་ཁྲའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྨར་ཁམས་རྫོང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འབྲེལ་གཏུག་ཁང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
     སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འབྲེལ་གཏུག་ཁང་དེ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་སྨར་ཁམས་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན་ཞིང་། མི་སྣའི་གྲུབ་ཆའི་ཐད“1+1+1”(ཞིབ་དཔྱོད་དཔོན་1དང་། ཞིབ་དཔྱོད་དཔོན་གྱི་ལས་རོགས་1 ཟིན་ཐོ་འགོད་མཁན་1)བཅས་བཀོད་སྒྲིག་བྱས་པ་དང་། གཞུང་ལས་ཁང་དེ་སྨར་ཁམས་རྫོང་ནགས་ལས་དང་རྩྭ་ཐང་ཅུས་སུ་བཙུགས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འབྲེལ་གཏུག་ཁང་བཙུགས་པ་དེས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འཛིན་སྟོབས་ཤུགས་ནུས་ལྡན་ངང་གསབ་རྒྱུར་ཕན་པ་ཡོད་ལ། སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་ཆེད་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་ཡང་བྱས་ཡོད།