འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་23ཉིན།

༄༅།།ལན་གཙོད་བར་གྱི་ལྕགས་ལམ་ཇུས་འགོད་ལ་ཆོག་མཆན་ཐོབ།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་23ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་སྣེ་ཁྲིད་དེ་ཀན་སུའུ་ཞིང་ཆེན་སྲིད་གཞུང་དང་མཉམ་དུ“ལྕགས་ལམ་ལྟ་ཞིབ་ཡིག་ཆ〔2021〕ཨང་401པ”བརྒྱུད་ལན་ཀྲོའུ་ནས་གཙོད་བར་གྱི་ལྕགས་ལམ(གཤམ་དུ་བསྡུས་མིང་ལ“ལན་གཙོད་ལྕགས་ལམ”ཞེས་བསྡུ་རྒྱུ)བསྐྲུན་རྒྱུའི་ཐོག་མའི་འཆར་འགོད་ལ་དངོས་སུ་མཆན་འགོད་བཀའ་ལན་བྱས་ནས། ལོ་འདིའི་ནང་ལམ་བརྒྱུད་ཡོངས་ནས་ལས་འགོ་འཛུགས་ཐུབ་པར་རྨང་གཞི་གལ་ཆེན་བཏིང་ཡོད་པ་རེད། 
     མཆན་འགོད་བཀའ་ལན་ལ་གཞིགས་ན། ལན་གཙོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་147.42ཟིན་པ་དང་། ལམ་ཐིག་ཧྲིལ་པོར་ཐང་དཀར་ནང་དང་ཧྲོང་ཁྲེང་གྲོང་ཁྱེར། ཀ་ཆུ། ལིའུ་ཅ་འགག་བཅས་དང་དེ་བཞིན་ཞི་ཀུའུ་ཁྲེང(འབབ་ཚུགས་ཡོད་པ)སོགས་འབབ་ཚུགས་5འཛུགས་རྒྱུ་ཡིན་པ་དང་ཆབས་ཅིག  ཀྲུང་ཁྲོན་གྲོང་ཁྱེར་དབར་གྱི་ལྕགས་ལམ་འབྲེལ་གཏུག་ལམ་ཐིག་ཀྱང་བསྐྲུན་ནས་ལན་ཞིན་མྱུར་བགྲོད་ལྕགས་ལམ་དང་། ཀྲུང་ཁྲོན་གྲོང་ཁྱེར་དབར་དང་དེ་བཞིན་སྐྲུན་བཞིན་པའི་ལན་ཀྲོའུ་ནས་ཀྲང་ཡེ་ཡི་ལམ་ཐིག་གསུམ་པ་དང་བཞི་བ། ཀྲུང་ཝའེ་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་ཕན་ཚུན་སྦྲེལ་མཐུད་ཐུབ་ཡོད་པ་རེད། རྣམ་གྲངས་རགས་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་229.16གཏོང་རྒྱུ་དང་། རྒྱལ་ཁབ་ལྕགས་ལམ་ཚོགས་པ་དང་ཀན་སུའུ་ཞིང་ཆེན་གྱིས་མཉམ་ལས་འཛུགས་སྐྲུན་བྱ་རྒྱུའི་ནང་ཀན་སུའུ་ཞིང་ཆེན་གྱིས་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་127.9གཏོང་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་བྱེད་ཡུན་ལོ་6ཡིན་པ་རེད།