འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་22ཉིན།

༄༅།།ཀན་སུའུ་ཅ་ཡུས་ཀོན་དུ་ལི་མངར་སྨིན་ནས་ཁྲོམ་རར་བཏོན་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་22ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀན་སུའུ་ཅ་ཡུས་ཀོན་དུ་ལི་མངར་སྨིན་ནས་ཁྲོམ་རར་བཏོན་པ།
     མི་དམངས་དྲ་བའི་འཕྲིན། 2021ལོའི་ཟླ་9ཚེས་20ཉིན་ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་ཁྱེར་ཝུན་ཧྲུའུ་གྲོང་རྡལ་ཧྲི་ཆའོ་གྲོང་ཚོའི་རྒྱ་མ་ཁྲི་400ཡི་ལི་མངར་ཁྲོམ་རར་བཏོན་པ་དང་། ཤིང་འབྲས་འདེབས་མཁན་ཞིང་པས་དུས་ཚོད་དམ་འཛིན་གྱིས་ཤིང་འབྲས་འཐོག་པ་དང་། རིམ་པ་དབྱེ་བ། བསྡུ་ལེན། ཐུམ་རྒྱག སྐྱེལ་འདྲེན། ཕྱིར་ཚོང་། གསོག་ཉར་བཅས་བྱས་ནས། ཤིང་འབྲས་ལྡུམ་རའི་ནང་ལོ་ལེགས་བྱུང་བའི་དགའ་འོས་པའི་རྣམ་པ་ཞིག་ཐོན་ཡོད་པ་རེད། 
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་ཁྱེར་ཝུན་ཧྲུའུ་གྲོང་རྡལ་གྱིས་ཞིང་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པར་ཕན་འབྲས་ཆེ་བའི་ཞིང་ལས་དང་། སྣོད་བཅུད་ཞིང་ལས། ལྟ་སྐོར་ཞིང་ལས་བཅས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་ཧུར་ཐག་བྱས་ནས“དཔྱིད་ཀ་མེ་ཏོག་དང་། དབྱར་ཁ་ཡུལ་སྐོར། སྟོན་དུས་འཐོག་པ་”བཅས་ཀྱི་དེང་རབས་ཀྱི་ལྟ་སྐོར་ཞིང་ལས་གཏོད་རྒྱུར་གཞོལ་ནས། ཞིང་ལས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་ཞིང་པའི་དཔལ་འབྱོར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད ། 
【1】  【2】
༄༅།།ཀན་སུའུ་ཅ་ཡུས་ཀོན་དུ་ལི་མངར་སྨིན་ནས་ཁྲོམ་རར་བཏོན་པ།