འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་22ཉིན།

༄༅།།སྒོར་དུང་ཕྱུར་371.49ཟིན་ཡོད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་22ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྒོར་དུང་ཕྱུར་371.49ཟིན་ཡོད།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་སྡེ་ཚན་དང་འཕྲིན་གཏོང་གཉེར་སྐྱོང་ཚོང་པ། དྲ་ཐོག་ཡུལ་སྐོར་ཞབས་ཞུའི་ཚོང་པའི་གཞི་གྲངས་ཕྱོགས་བསྡུས་བྱས་ཏེ་རིག་གནས་དང་ཡུལ་སྐོར་པུའི་གཞི་གྲངས་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པ་བརྒྱུད། 2021ལོའི་ཟླ་མཆོད་དུས་ཆེན་གྱི་ཉིན་གསུམ་ནང་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་8815.93ཟིན་པ་དེ་བསྡུར་གཞི་ཡོད་པའི་སྒོ་ནས་2019ལོའི་ཟླ་མཆོད་གུང་གསེང་གི་87.2%བར་སླར་གསོ་བྱས་པ་རེད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་371.49ཟིན་ནས་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་2019ལོའི་ཟླ་མཆོད་གུང་གསེང་གི་78.6%བར་སླར་གསོ་ཐུབ་ཡོད་པ་རེད། 
     ཞིང་ཆེན་བརྒལ་ནས་ཡུལ་སྐོར་གཉེར་སྐྱོང་བྱེད་པའི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་དགོས། 
     ཕྱི་ནས་མི་འགོས་པའི་ལས་ཀ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། ཡུལ་སྐོར་ལས་དོན་ཁང་དང་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཚོགས་པའི་ཡུལ་སྐོར་དང་དེ་བཞིན་གནམ་གྲུའི་སྤ་སེ་དང་མགྲོན་ཁང་ཟུང་དུ་འབྲེལ་བའི་ལས་སྒོ་གནས་སྐབས་སུ་སླར་གསོ་བྱས་མེད། 
     ཞིང་ཆེན་བརྒལ་ནས་ཡུལ་སྐོར་གཉེར་སྐྱོང་བྱེད་པའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཏེ། ཉེན་ཁ་ཆེ་བའི་ས་ཁུལ་ཡིན་པའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ལ་ཡུལ་སྐོར་ལས་དོན་ཁང་དང་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱིས་ཞིང་ཆེན་དེའི་ཞིང་ཆེན་ལས་བརྒལ་བའི་ཚོགས་པའི་ཡུལ་སྐོར་དང་གནམ་གྲུའི་སྤ་སེ་དང་མགྲོན་ཁང་གི་ལས་སྒོ་གཉེར་མཚམས་འཇོག་དགོས། 
     ས་གནས་ཁག་གི་ཁྲོམ་ར་ཕུན་སུམ་ཚོགས་སུ་བཏང་ནས་རིག་གནས་ཡུལ་སྐོར་བྱ་ཡུལ་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།
     ཟླ་མཆོད་དུས་ཆེན་རིང་། ས་གནས་ཁག་གིས“ས་གནས་དེ་གའི་མི་རང་སར་ཡུལ་སྐོར”བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་ས་ཁོངས་དང་དམངས་སྲོལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་ཐོན་རྫས་ཁག་གཅིག་བཏོན་པ་དང་། རིག་གནས་ཁང་དང་རྟེན་རྫས་བཤམས་མཛོད་ཁང་སོགས་རིག་གནས་ཀྱི་ནང་དོན་ལྡན་པའི་རིག་གནས་དང་ཡུལ་སྐོར་བྱ་ཡུལ་དག་ཀུན་གྱིས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད། གྲོང་མཐའི་ཡུལ་སྐོར་དང་། གྲོང་གསེབ་ཀྱི་ཡུལ་སྐོར། སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་མཁན་བཅས་མང་ཙམ་ཡོད་པ་རེད། 
     པེ་ཅིང་གོ་ལ་ཧྲིལ་པོའི་གློག་བརྙན་གྲོང་སྒོ་ཕྱེས་པ་དེས་བརྗོད་བྱ་གཙོ་བོའི་སྤྱི་གླིང་ལ་སྐུལ་ཁྲིད་བྱས་ཤིང་། ཧྲང་ཧའེ་ཏི་ཧྲི་ཉི་དང་། པེ་ཅིང་སྤྲོ་སྐྱིད་གླིང་། ཀྲུའུ་ཧའེ་ཁྲང་ལུང་རྒྱ་མཚོའི་སྤྱི་གླིང་སོགས་བརྗོད་བྱ་གཙོ་བོའི་སྤྲོ་སྐྱིད་གླིང་མང་པོ་ཞིག་ཀྱང་རྒྱལ་ནང་གི་ཡུལ་སྐོར་བའི་ལམ་ཐག་ཐུང་ངུའི་ཡུལ་སྐོར་ཁྲོད་ཀྱི་ཀུན་གྱིས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད།