འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་22ཉིན།

༄༅།།བོད་ཀྱིས་མུ་མཐུད་དབུལ་སྒྲོལ་རྫོང་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་ངང་སྤྱོད་པར་རྒྱབ་སྐྱོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་22ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་འཕེལ་སྒྱུར་ཨུ་ལྷན་སོགས་ཚན་པ་བཅོ་ལྔ་ཡིས་མཉམ་འབྲེལ་ཐོག《དབུལ་སྒྲོལ་རྫོང་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་ངང་སྤྱོད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ》བཀྲམ་སྟེ་དབུལ་སྒྲོལ་རྫོང་གིས་མུ་མཐུད་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་ངང་སྤྱོད་པར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཕུགས་ཕན་མ་དངུལ་གཏོང་བའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟ་ལག་བསྟར་བྱེད་ཡུན་2021ལོ་ནས་2023ལོ་བར་ཡིན་ཞིང་། བོད་ཀྱི་དབུལ་སྒྲོལ་རྫོང(ཆུས)74ཚང་མས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ཚོད་ལྟའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ནས་ལོ་ལྟར་སྤྱི་འདོམས་བསྡུ་སྒྲིལ་མ་དངུལ་བེད་སྤྱོད་ཀྱི་ཇུས་གཞི་བཟོ་དགོས་ཀྱི་ཡོད། 2024ལོ་ནས་2025ལོ་བར། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ཚོད་ལྟའི་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་དེ་ཀྲུང་དབྱང་ནས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
     བསྡུ་སྒྲིལ་ཚོད་ལྟའི་ཁྱབ་ཁོངས་ནང་བཅུག་པའི་མ་དངུལ་ནང་རིམ་ཁག་ནོར་སྲིད་ནས་ཞིང་ལས་ཐོན་སྐྱེད་ཀྱི་འཕེལ་རྒྱས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་བཏང་བའི་མ་དངུལ་དང་ལྷག་དོན་དུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ)རྫོང(ཆུས)བཅས་ཀྱི་ལོ་1ཡན་གྱི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ལྷག་འཕྲོ་དང་ལོ་2ཡན་གྱི་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོས་པའི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ཚུད་ཡོད་པ་ཚང་མ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཐད་སྤྱི་འདོམས་ངང་སྤྱད་དེ་དབུལ་སྒྲོལ་རྫོང་དང་ཆུས་ཀྱི་མ་དངུལ་གྱི་འགན་ལེན་ནུས་པ་དང་ལས་འགན་གྱི་དགོས་མཁོ་དེ་ནོར་སྲིད་ཀྱི་གནས་ཚུལ་དང་འཚམ་པ་དང་། དཔལ་འབྱོར་གྱི་གསོན་ཤུགས་རྒྱས་པ་དང་འཕེལ་རྒྱས་ཀྱི་རྟིང་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་སྔར་བས་མཐོ་རུ་འགྲོ་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་བ་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད། ཞིང་ཆེན་གཞན་དག་གིས་བཏོན་པའི་ཞིབ་སྲོལ་དང་མི་འདྲ་བའི་ཆ་ཕྲན་བུ་ཡོད་པ་ནི། བོད་ཀྱིས་རིམ་ཁག་ནོར་སྲིད་ནས་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན་སོགས་སྤྱི་ཚོགས་བྱ་གཞག་ཁག་ལ་བཏང་བའི་མ་དངུལ་དང་ཞིང་ཆེན(གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས)ཁག་གི་བོད་སྐྱོར་མ་དངུལ་དེ་དག་བསྡུ་སྒྲིལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་མིན་མོད། འོན་ཀྱང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་འགན་དང་ཟུང་འབྲེལ་བྱེད་དགོས་པ་མ་ཟད། གཙོ་གནད་འབུར་དུ་ཐོན་པ་དང་གཅིག་སྡུད་ཐོག་གཏོང་ཆ་བཏང་ནས་མཉམ་ཤུགས་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།