འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།ཡུན་ནན་བདེ་ཆེན་གྱི་རྒུན་འབྲུམ་ཆུང་ཆུང“ཕྱུག་འགྱུར་གྱི་འབྲས་བུར”གྱུར་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་ཡུན་ལིན་ཤང་དངུལ་ཕུ་གྲོང་ཚོའི་གྲོང་མིས་རྒུན་འབྲུམ་འཐུ་བཞིན་པ།
འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་ཡུན་ལིན་ཤང་དངུལ་ཕུ་གྲོང་ཚོའི་གྲོང་མིས་རྒུན་འབྲུམ་འཐུ་བཞིན་པ།
     ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་ཡུན་ལིན་ཤང་གིས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ཀྲི་པུའུ་དང་། ཀུང་སི། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པར་བརྟེན་ནས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྫ་ཆུའི་ལུང་ཤུར་དེ་གྲོང་གསེབ་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི“རྒུན་འབྲུམ་ལུང་ཤུར”དུ་གྱུར་ཡོད།