འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།“མཚོ་བོད་ཀྱི་སྐར་ཁུང་། གངས་ལྗོངས་ཀྱི་གཙོད་གྲོང”རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་13ཉིན། “མཚོ་བོད་ཀྱི་སྐར་ཁུང་། གངས་ལྗོངས་ཀྱི་གཙོད་གྲོང”རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་གི་འགྲན་བསྡུར་ཆེ་མོ་དང་། རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་རྩོམ་པ་པོ་ལྷན་རྒྱས་ཀྱི་གྲོས་ཚོགས་སྐབས་ཉི་ཤུ་པ་དང་ཀྲུང་གོ·ལྷུག་རྩོམ་སྙན་ངག་གི་བྱ་དགའ་ཆེ་མོ་སྤྲོད་པའི་གྲོས་ཚོགས་སྐབས་བཅུ་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་འཚོགས་པ་རེད།
     “མཚོ་བོད་ཀྱི་སྐར་ཁུང་། གངས་ལྗོངས་ཀྱི་གཙོད་གྲོང”རྒྱལ་ཡོངས་ཀྱི་ལྷུག་རྩོམ་སྙན་ངག་འགྲན་བསྡུར་ཆེ་མོ་འགོ་ཚུགས་ཚུན་ཁྱོན་འགྲན་ཞུགས་བརྩམས་ཆོས་5000ལྷག་འབྱོར་པར་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་བརྩམས་ཆོས་3265ལ་བླང་བྱ་དང་འཚམ་པའི་གཏན་འབེབས་བྱས་པ་དང་། མིང་མ་བྲིས་པར་སྒྲིག་ཨང་བཀོད་དེ་ཐོག་མའི་དཔྱད་བསྡུར་གཏན་འབེབས་དང་དཔྱད་བསྡུར་གཏན་འབེབས་བསྐྱར་མ་བྱས་པ་བརྒྱུད་ཁྱོན་བརྩམས་ཆོས་34མཐའ་མའི་དཔྱད་བསྡུར་གཏན་འབེབས་བྱ་ཁོངས་སུ་ཚུད་པ་དང་། མཐར་བརྩམས་ཆོས་29ལ་བྱ་དགའ་ཐོབ་པ་རེད། འགྲན་བསྡུར་ཆེ་མོ་དྲང་བདེན་དྲང་གཞག་ཡོང་ཆེད། ལྷུག་རྩོམ་སྙན་ངག་དུས་དེབ་ཁང་གིས་བརྩམས་ཆོས་དཔྱད་འདེམས་ལམ་ལུགས་ལག་བསྟར་ནན་པོ་བྱས་ཤིང་། དཔྱད་འདེམས་བྱུང་བའི་བརྩམས་ཆོས་རེ་རེར“ཞིབ་ཀློག་གསུམ་དང་ཞིབ་བཤེར་གསུམ”རེ་བྱས་ཏེ། གཟབ་ནན་དང་། དངོས་སྒྲུབ། གཏིང་ཟབ་བཅས་ཀྱི་དཔྱད་ཞིབ་སྙིང་སྟོབས་ཐོག་ནས་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁག་གི་སྤུས་ཚད་འགན་ལེན་བྱས་ཡོད་པ་རེད།