འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་དུས་ཡུན་ཟླ་10ཙམ་འབད་བརྩོན་བྱས་པ་བརྒྱུད། ས་ཁོངས་ཕྱི་རོལ་དུ་ཡོད་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ནག་ཚོགས་ཆེན་པོ་ཞིག་མེད་པར་བཟོས་ནས་ཉེས་གསོག་དོགས་ཅན་26བཟུང་བ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་7600ཟིན་ཞིང་། གྱོད་གཞི་ཁག་240ལྷག་ཙམ་རྩད་ཆོད་པ་རེད།
     ཆེད་དོན་གྱོད་ཞིབ་ཚོགས་ཆུང་གི་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་མཚམས་སྒྲོལ་བའི་ཉེས་གསོག་ནག་ཚོགས་དེས་ཆེད་མངགས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་ཅིང་། ནག་ཚོགས་དེའི་མི་གྲངས་མང་བ་དང་། ས་ཁོངས་ཕྱི་རོལ་དུ་གཅིག་སྡུད་བྱས་ཡོད་པས་འཛིན་བཟུང་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། གྱོད་གཞི་དེ་རྩད་གཅོད་པར་དུས་ཡུན་ལོ་གཅིག་འགོར་བ་དང་། ཆེད་དོན་གྱོད་ཞིབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ས་གནས་མང་པོར་བསྐྱོད་པ་བརྒྱུད། ཚོགས་པ་དེའི་ཉེས་ཅན་འཛིན་བཟུང་ཐུབ་པ་རེད།
     ཆེད་དོན་གྱོད་ཞིབ་ཚོགས་ཆུང་གིས་རྡུང་རྡེག་ཚ་ནན་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ས་ཆ་མང་པོར་འཛིན་བཟུང་བྱ་སྤྱོད་འཕྲལ་མར་སྤེལ་ཏེ། ཉེས་ཅན་གཅིག་མཇུག་གཉིས་མཐུད་ངང་བཟུང་བ་རེད། རྩ་འཛུགས་ཀྱི་སྒྲིག་ལམ་དམ་པ་དང་གྱོད་འབྲེལ་དངུལ་འབོར་ཧ་ཅང་མང་བའི་མངའ་ཁོངས་ཕྱིའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ནག་ཚོགས་དེ་མཐར་མེད་པར་བཟོས་པ་རེད།