འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།ས་གནས་འདི་དག་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་མིང་བཏོན་པ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
   མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་རེས་སྐོར་གཉིས་པ་ཁག་བཞི་བའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་དཔེ་མཚོན་གྱོད་གཞི་7སླར་ཡང་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་དེ་དག་མིག་སྔར་ལྟ་ཞིབ་དང་ལེན་བྱེད་བཞིན་པའི་ཞིང་ཆེན་5དང་ཀྲུང་དབྱང་ཁེ་ལས་2དང་འབྲེལ་བ་ཡོད་པ་རེད། གྱོད་དཔེ་བདུན་པོ་དེ་དག་ནི་ཅི་ལིན་ཞིང་ཆེན་ལེའོ་ཀྲོའུ་གྲོང་ཁྱེར་གྱི་ནུས་ཟད་གཉིས་སྡོམ་ལས་དོན་སྤེལ་ཤུགས་མི་འདང་བ་དང“མཐོ་གཉིས”རྣམ་གྲངས་ཀྱི་ཁྲིམས་འགལ་གནད་དོན་མངོན་གསལ་དོད་པོ་ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་ཅི་ཉིང་གྲོང་ཁྱེར་གྱི་གཏེར་རི་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་མི་འདང་བ་དང་ལྟ་ཞིབ་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱུང་མེད་པ། ཧུའུ་པེ་ཞིང་ཆེན་ཐུང་ཧྲན་རྫོང་ཅིའུ་ཀོང་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆུ་གློག་ཆུང་གྲས་གཙང་བཤེར་དག་ཐེར་ལས་དོན་རྗེས་སུ་ལུས་པ། ཀོང་ཏུང་ཞིང་ཆེན་ཆིང་ཡོན་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཐག་གཅོད་ཀྱི་ཞན་ཆ་མངོན་གསལ་དོད་པོ་ཡོད་པ་དང་སྦགས་བཙོག་གི་གནད་དོན་མང་པོ་ཐོན་པ། སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་གྱིས་ཁྲིམས་འགལ་ངང་ས་ཁང་བདག་ཁོངས་གསར་སྤེལ་བྱས་པས་ཧེ་ལུང་ཐན་གྱི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ། ཀྲུང་གོ་མདོག་ལྡན་ལྕགས་རིགས་ཚོགས་པའི་ཁོངས་གཏོགས་ཤར་ཕྱོགས་ཀུང་སིས་ཁྲིམས་འགལ་ངང་ཉེན་ཆེའི་ཟོག་རོ་ཐག་གཅོད་བྱས་པ་དང་ཁྲིམས་འགལ་ངང་ཐོན་སྐྱེད་འཛུགས་སྐྲུན་བྱས་པ། ཀྲུང་གོ་གསེར་ཚོགས་པའི་ཁེ་ལས་ཁག་གཅིག་གིས་གཏེར་རིའི་ལྗང་མདོག་སྔོག་འདོན་དང་ཉམས་གསོའི་བཅོས་སྒྲིག་ལས་དོན་སྤེལ་ཤུགས་མི་འདང་བ་སོགས་རེད།