འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།སྐབས་བཞི་པའི་ཀྲུང་གོའི་སྤུས་ཚད་བྱ་དགའ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན་འདི་ག་ཚགས་པར་ཁང་གིས་པེ་ཅིང་ནས་གློག་འཕྲིན་སྤེལ་གསལ། ཚེས་16ཉིན་འཚོགས་པའི་ཀྲུང་གོའི་སྤུས་ཚད(ཧང་ཀྲོའུ)ཚོགས་ཆེན་ཐོག་སྐབས་བཞི་པའི་ཀྲུང་གོའི་སྤུས་ཚད་བྱ་དགའ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། རྩ་འཛུགས་9དང་མི་སྒེར་1ལ་སྐབས་བཞི་པའི་ཀྲུང་གོའི་སྤུས་ཚད་བྱ་དགའ་ཐོབ་པ་དང་། རྩ་འཛུགས་80དང་མི་སྒེར་9ལ་སྐབས་བཞི་པའི་ཀྲུང་གོའི་སྤུས་ཚད་བྱ་དགའི་མི་འདོན་བྱ་དགའ་ཐོབ་ཡོད་པ་རེད། 
     ས་ཁུལ་ཁག་དང་ལས་རིགས་ཁག་གིས་རྒྱ་ཁྱབ་ཏུ་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག ཀྲུང་གོའི་སྤུས་ཚད་བྱ་དགའ་དཔྱད་འདེམས་གཟེངས་བསྟོད་ཨུ་ཡོན་ལྷན་ཁང་གིས་དཔྱད་འདེམས་བྱས་རྗེས། ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་པ་བརྒྱུད། ཅིན་ཏུང་ཧྥང་ཚན་རྩལ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སྒྲིག་ཆས་ཚོགས་པ་ཚད་ཡོད་ཀུང་སི། མེ་ཏེ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི། ཧྥུའུ་ཡའོ་ཤེལ་སྒོ་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི། པོ་ཧྲི་རླངས་འཁོར་ལྷུ་ལག་(སུའུ་ཀྲོའུ)ཚད་ཡོད་ཀུང་སི། ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ཚོགས་པ་ཚད་ཡོད་ཀུང་སི། དངུལ་ཁང་བར་ཚོང་ར་གཙང་རྩིས་སུའོ་མ་རྐང་ཚད་ཡོད་ཀུང་སི། པེ་ཅིང་བར་སྟོང་འཕུར་སྐྱོད་འཕྲུལ་ཆས་སྤྱིའི་ཇུས་འགོད་པུའུ། ཀྲུང་གོའི་ཉིང་རྡུལ་གློག་བཟོ་སྐྲུན་ཚད་ཡོད་ཀུང་སི་“ཧྭ་ལུང་ཨང་དང་པོ་”ཞིབ་འཇུག་གསར་སྤེལ་ཇུས་འགོད་གསར་གཏོད་ཚོགས་པ་སོགས་རྩ་འཛུགས་9དང་དེ་བཞིན་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་བཟོ་སྐྲུན་པ་ལིན་མིང་ལ་སྐབས་བཞི་པའི་ཀྲུང་གོའི་སྤུས་ཚད་བྱ་དགའ་གནང་། ཞུས་ཀུང་ཚོགས་པའི་ལས་གྲྭའི་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སི་སོགས་རྩ་འཛུགས་80དང་ལི་ཝན་ཅུན་སོགས་མི་སྒེར་9ལ་སྐབས་བཞི་པའི་ཀྲུང་གོའི་སྤུས་ཚད་བྱ་དགའི་མིང་བཏོན་བྱ་དགའ་གནང་རྒྱུའི་ཐག་བཅད་པ་རེད། 
     ཀྲུང་གོའི་སྤུས་ཚད་བྱ་དགའ་ནི་ཀྲུང་གོའི་སྤུས་ཚད་ཁྱབ་ཁོངས་ཀྱི་མཚན་སྙན་མཐོ་ཤོས་དེ་ཡིན་ཞིང་།2012ལོར་ཀྲུང་དབྱང་གི་ཆོག་མཆན་ཐོབ་ནས་བཙུགས་པ་དང་ལོ་གཉིས་རེར་དཔྱད་འདེམས་ཐེངས་རེ་བྱས་ཡོད་པ་དང་།དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྐབས་བཞི་སྤེལ་ཡོད་པ་རེད། ཀྲུང་གོའི་སྤུས་ཚད་བྱ་དགའ་སྤྲོད་པའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་པའི་སྤུས་ཚད་དོ་དམ་ལམ་ལུགས་དང་། རྣམ་པ། བྱེད་ཐབས་བཅས་ཁྱབ་གདལ་བཏང་ནས་སྤུས་ཚད་དོ་དམ་གསར་གཏོད་ལ་སྐུལ་འདེད་དང་། སྔོན་ཐོན་གྱི་སྤུས་ཚད་འདུ་ཤེས་བརྒྱུད་བསྒྲགས། སྤྱི་ཚོགས་ཡོངས་ཀྱིས་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བཅས་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། 
     ཀྲུང་གོའི་སྤུས་ཚད(ཧང་ཀྲོའུ)ཚོགས་ཆེན་ཐོག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ད་དུང“སྔོན་ཐོན་གྱི་སྤུས་ཚད་དོ་དམ་ཉམས་མྱོང་མཉམ་སྤྱོད་བྱེད་པའི”ཡན་ལག་གླེང་སྟེགས་གཉེར་ནས་ཀྲུང་གོའི་སྤུས་ཚད་བྱ་དགའ་ཐོབ་པའི་རྩ་འཛུགས་ཀྱི་སྤུས་ཚད་དོ་དམ་གསར་གཏོད་ཀྱི་གྲུབ་འབྲས་དང་ལག་ལེན་ཡག་ཤོས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་རེད།