འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་17ཉིན།

༄༅།།རྒྱལ་ཡོངས་ཀྱི་མི་རིགས་རིག་རྩལ་གླེང་སྟེགས་སྐབས་གསུམ་པ་བོད་ལྗོངས་ལྷ་སར་གཉེར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་17ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རིག་རྩལ་དཔྱད་གཏམ་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་དཔྱད་གཏམ་ལས་དོན་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཟླ་9ཚེས་14ཉིན། ཀྲུང་གོ་རིག་རྩལ་དཔྱད་གཏམ་པའི་མཐུན་ཚོགས་དང་། ཀྲུང་གོ་རིག་རྩལ་ལྷན་ཚོགས་དཔྱད་གཏམ་ལྟེ་གནས། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་མི་རིགས་རིག་རྩལ་གླེང་སྟེགས་སྐབས་གསུམ་པ་བོད་ལྗོངས་ལྷ་སར་གཉེར་བ་རེད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“མི་རིགས་ཀྱི་རིག་རྩལ་དང་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལམ་བུ”དང་། “མི་རིགས་ཀྱི་རིག་རྩལ་དང་ཀྲུང་ཧྭའི་མཛེས་རིག་གི་སྙིང་སྟོབས”“དུས་རབས་གསར་པའི་མི་རིགས་རིག་རྩལ་གྱི་འགན་འཁྲི་དང་ལས་འགན”སོགས་གྲོས་དོན་དུ་བྱས་ནས་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
     རྒྱལ་ཡོངས་ཀྱི་མི་རིགས་རིག་རྩལ་གླེང་སྟེགས་ནི་ཀྲུང་གོ་རིག་རྩལ་དཔྱད་གཏམ་པའི་མཐུན་ཚོགས་ཀྱི་སྤུས་རྟགས་གླེང་སྟེགས་ཀྱི་གྲས་ཤིག་ཡིན་ཞིང་། མི་རིགས་ཀྱི་རིག་རྩལ་རིགས་པའི་གཞུང་ལུགས་འཛུགས་སྐྱོང་དང་རིག་རྩལ་གྱི་སྐྱོན་ཡོན་བརྗོད་པའི་ཐད་གྲུབ་འབྲས་མང་པོ་བཏོད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་པ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།