འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།ཀན་སུའུ་ནས་མཐོ་རྒྱུགས་སྒྱུར་བཅོས་བྱེད་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་དྲ་བའི་པོད་འཕྲིན་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཚེས་15ཉིན་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་སྟོན་དུས་སློབ་འགོ་ཚུགས་པ་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱིས་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་བྱེད་འགོ་ཚུགས་པ་དང་། 2024ལོ་ནས་བཟུང་མཐོ་རྒྱུགས་དཀྱུས་མའི་ཐད“3+1+2”ཀྱི་ཇུས་གཞི་གསར་བ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 
     ཇུས་གཞི་ལྟར་ན། “3”ནི་རྒྱ་ཡིག་དང་རྩིས་རིག དབྱིན་ཡིག་གསུམ་ནི་མཐོ་རྒྱུགས་ཀྱི་གཅིག་གྱུར་བསླབ་ཚན་ཡིན། “1”དང“2”ནི་གདམ་ག་རང་བཞིན་གྱི་བསླབ་ཚན་ཡིན། དེའི་ནང་“1”ནི་ཐོག་མར་བདམས་བྱའི་བསླབ་ཚན་ཡིན་ལ། དངོས་ལུགས་དང་ལོ་རྒྱུས་ཀྱི་བསླབ་ཚན་ཁྲོད་ནས་གཅིག་འདེམས་དགོས། “2”ནི་ཡང་བསྐྱར་འདེམས་ཆོག་པའི་བསླབ་ཚན་ཡིན་ལ། ཆབ་སྲིད་དང་ས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་ཁྲོད་ནས་གཉིས་འདེམས་ཆོག 
     《ཀན་སུའུ་ཞིང་ཆེན་གྱིས་མཐོ་སློབ་ཀྱི་ཡིག་རྒྱུགས་སློབ་བསྡུའི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལག་བསྟར་ཇུས་གཞིའི》ནང་ཀན་སུའུ་ཞིང་ཆེན་གྱི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་ཁ་གསལ་བཏོན་ཡོད། 
     གཙོ་བོ་ཕྱོགས་གསུམ་ཚུད་ཡོད། 
     རྒྱུགས་ཅི་ཞིག་ལེན་དགོས། 
     རྒྱ་ཡིག་དང་། རྩིས་རིག དབྱིན་ཡིག་བཅས་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་ཀྱི་བསླབ་ཚན་3དང་གདམ་ག་ཡོད་པའི་ཡིག་རྒྱུགས་བསླབ་ཚན་3(ཆབ་སྲིད་དང་ལོ་རྒྱུས། ས་ཁམས། དངོས་ལུགས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་བསླབ་ཚན་6ཁྲོད་ནས་3འདེམས་པ)མཐོ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཀྱི་ཚད་གཞིའི་ཡིག་རྒྱུགས་ནི་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་ཚན་ཇུས་གཞིའི་ནང་གཏན་འབེབས་བྱས་པའི་བསླབ་ཚན་14ཡིན།
     རྒྱུགས་ཇི་ལྟར་ལེན་དགོས། 
“3+1+2”ཀྱི་རྣམ་པ་ལག་བསྟར་བྱེད་དགོས། “3”ནི་རྒྱ་ཡིག་དང་། རྩིས་རིག དབྱིན་ཡིག་གསུམ་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་བསླབ་ཚན་ཡིན། “1”ནི་ཐོག་མར་གདམ་པའི་བསླབ་ཚན་ཡིན། (དངོས་ལུགས། ལོ་རྒྱུས་གཉིས་ཀྱི་ནང་ནས་བསླབ་ཚན་གཅིག་གདམ་པ།)“2”ནི་ཡང་བསྐྱར་འདེམས་ཆོག་པའི་བསླབ་ཚན་ཡིན་ལ། (ཆབ་སྲིད་དང་ས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་བསླབ་ཚན་བཞིའི་ཁྲོད་ནས་གཉིས་འདེམས་ཆོག ) རྒྱུགས་སྤྲོད་སློབ་མའི་སྤྱིའི་སྐར་གྲངས་750ཡིན། རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་བསླབ་ཚན་རེར་སྐར་མ་150ཡོད། ཐོག་མའི་སྦྱངས་འབྲས་དེ་རྒྱུགས་སྤྲོད་སློབ་མའི་སྤྱིའི་སྦྱངས་འབྲས་ནང་བརྩི་དགོས། ཐོག་མར་གདམ་པའི་བསླབ་ཚན་རེར་སྐར་མ་100ཡོད། ཐོག་མའི་སྦྱངས་འབྲས་དེ་རྒྱུགས་སྤྲོད་སློབ་མའི་སྤྱིའི་སྦྱངས་འབྲས་ནང་བརྩི་དགོས། བསླབ་ཚན་གཉིས་ཡང་བསྐྱར་གདམ་པའི་བསླབ་ཚན་རེར་སྐར་མ་100ཡོད། རིམ་པ་དང་སྐར་མ་བརྗེས་རྗེས་ཀྱི་སྦྱངས་འབྲས་དེ་རྒྱུགས་སྤྲོད་སློབ་མའི་སྤྱིའི་སྦྱངས་འབྲས་ནང་བརྩི་དགོས། 
     སློབ་མ་ཇི་ལྟར་བསྡུ་དགོས། 
     མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཐད“གཞི་འཛིན་ས་གཉིས་དང་དཔྱད་གཞི་གཅིག”གི་སློབ་བསྡུའི་རྣམ་པ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། 
     རྒྱུགས་སྤྲོད་སློབ་མས་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་བསླབ་ཚན་གྱི་སྦྱངས་འབྲས་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སྦྱངས་འབྲས་ཀྱི་གདམ་གསེས་རང་བཞིན་གྱི་རྒྱུགས་ལེན་བསླབ་ཚན་གྱི་སྦྱངས་འབྲས་དཔྱད་གཞིར་འཛིན་པའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གཞིར་བཟུང་ནས་ལེགས་འདེམས་བསྡུ་ལེན་བྱ་རྒྱུ་རེད། ལས་རིགས་མཐོ་རིམ་སློབ་གླིང་གི་རིགས་དབྱེ་ཡིག་རྒྱུགས་དེ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མར་ཕྱོགས་པ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མར་ཕྱོགས་ནས་སློབ་མ་བསྡུ་སྟངས་རིགས་གཉིས་དབྱེ་ནས། རིག་གནས་ཀྱི་བྱང་ཚད་དང་རྩལ་ནུས་ཟུང་དུ་སྦྲེལ་བའི་ཚད་ལེན་ཚོད་ལྟ་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད། ལས་རིགས་མཐོ་རིམ་སློབ་གླིང་གི་རྒྱུགས་ལེན་སློབ་བསྡུ་དང་སྤྱིར་བཏང་གི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གླིང་བལྟོས་བཅས་ཀྱིས་ལོགས་སུ་དབྱེ་རྒྱུར་སྐུལ་འདེད་གཏོང་བ། རིགས་དབྱེ་རྒྱུགས་ལེན་སློབ་བསྡུ་བདམས་མེད་པ་དང་དེ་བཞིན་རིགས་དབྱེ་རྒྱུགས་ལེན་སློབ་བསྡུ་བདམས་ཀྱང་བསྡུ་ལེན་མ་བྱས་པའི་རྒྱུགས་སྤྲོད་སློབ་མ་གཅིག་གྱུར་མཐོ་རྒྱུགས་ནང་ཞུགས་ནས་ལས་རིགས་སློབ་གླིང་དུ་སློབ་སྦྱོང་བྱས་ཆོག་པ་རེད།