འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།བོད་ལྗོངས་ཉིང་ཁྲིའི་ལོ་ཆུང་སྒྲོག་འགྲེལ་པས་དུད་ཚང་དུ་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཞིབ་ཕྲ་དང་། གཏིང་ཟབ། ཏན་ཏིག་བཅས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་ཉན་པ། ཏང་གི་ལོ་རྒྱུས་ཤོད་པ་བཅས་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འགན་འཁུར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བཅས་བྱ་ཆེད། ཟླ་7པ་ཚུན་དུ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོས་ལོ་ཆུང་གདོང་ལེན་རུ་མི་10ལས་གྲུབ་པའི་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ནས་དུད་ཚང་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།
     སྒྲོག་འགྲེལ་བྱེད་རིང་། སྒྲོག་འགྲེལ་རུ་ཁག་གིས་བརྩེ་དུང་ཟབ་མོའི་ཐོག་ནས་ཀྲུང་གུང་ཚོགས་ཆེན་དང་པོ་འཚོགས་སྐབས་ཧྲང་ཧའེ་ནས་ཅ་ཤིང་གི་ལྷོ་མཚེའུ་ཡི་ཐོག་སྤོས་པའི“གྲུ་དམར་གྱི་སྙིང་སྟོབས”ཀྱི་གཏམ་རྒྱུད་དང་། ནན་ཁྲང་འོས་ལངས་ཀྱི་བརྒྱུད་རིམ། “མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ་པའི”འབྱུང་རྐྱེན་བཅས་གླེང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པ”དང་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ལ་གསོན་ཤུགས་རྒྱས་རྒྱུར་སྐུལ་འདེད་བཏང་བ་རེད།
   སྒྲོག་འགྲེལ་རུ་ཁག་སྒྲོག་འགྲེལ་པ་དར་རྒྱས་ཀྱི་ཁྱིམ་དུ་ཡོང་ནས་སྒྲོག་འགྲེལ་བྱེད་སྐབས་སྒྲོག་འགྲེལ་པ་རྒན་གྲས་དར་རྒྱས་དང་ལོ་ཆུང་སྒྲོག་འགྲེལ་རུ་ཁག་དབར་ཏང་གི་ལོ་རྒྱུས་ཤེས་བྱ་སྤེལ་རེས་དང་སློབ་སྦྱོང་བྱས་ཏེ་གསར་བརྗེའི་ས་བོན་རྒན་རབས་པ་ནས་གཞོན་ནུ་ལོ་ཆུང་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་པ་རེད། དར་རྒྱས་ཀྱིས་ལོ་ཆུང་གདོང་ལེན་རུ་མི་ཚོར་ཏང་གི་ལོ་རྒྱུས་ཁྲོད་ཀྱི་དོན་སྙིང་དེ་བས་ཟབ་པའི་གཏམ་རྒྱུད་བརྗོད་དེ་ཁོང་ཚོར་འཚོ་བ་དང་སློབ་སྦྱོང་ཁྲོད་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་བློ་ལ་བརྟན་པོར་ངེས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་གྱི་མི་ཞིག་ཧུར་ཐག་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།