འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་རིག་ནུས་མཚོ་འགྲུལ་གྲུ་གཟིངས་ཀྱི་མཚོ་ཐོག་ཚོད་ལྟ་ལམ་ལྷོངས་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་རིག་ནུས་མཚོ་འགྲུལ་གྲུ་གཟིངས་ཀྱི་མཚོ་ཐོག་ཚོད་ལྟ་ལམ་ལྷོངས་བྱུང་བ།
ཟླ་9ཚེས་14ཉིན། རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་རིག་ནུས་མཚོ་འགྲུལ་300TEUདོས་སྒམ་ཚོང་དོན་གྲུ་གཟིངས“ཀྲེ་ཧྥེ”རྟགས་ཅན་ཧྲན་ཏུང་ཆིང་ཏའོ་ཉུའེ་ཏའོ་མཚོ་ཁུལ་དུ་མཚོ་ཐོག་ཚོད་ལྟ་བྱས་པ་དང་། “ཀྲེ་ཧྥེ”རྟགས་ཅན་ནི་རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་རིག་ནུས་མཚོ་འགྲུལ་གྱི་ནུས་པ་ལྡན་པ་དང་ཚོང་ལས་གཉེར་སྐྱོང་ལ་ཁ་ཕྱོགས་པའི་སྐྱེལ་འདྲེན་ཟོག་གྲུ་ཞིག་ཡིན་ལ། མིག་སྔར་སྐྲུན་བཞིན་པའི་གོ་ལ་ཧྲིལ་པོའི་ཐེག་ནུས་ཅུང་ཆེ་བའི་རིག་ནུས་མཚོ་འགྲུལ་གྲུ་གཟིངས་ཤིག་ཀྱང་རེད།