འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་དུ་ས་ཡོམ་རིམ་པ་6.0བྱུང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་དུ་ས་ཡོམ་རིམ་པ་6.0བྱུང་།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་ལེན་བྱས་པར་གཞིགས་ན། ཟླ་9ཚེས་16ཉིན་གྱི་ཆུ་ཚོད་4དང་སྐར་མ་33ཐོག་སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང(བྱང་གི་འཕྲེད་ཐིག་ཏུའུ་29.20དང་ཤར་གྱི་གཞུང་ཐིག་ཏུའུ་105.34)དུ་ས་ཡོམ་རིམ་པ་6.0བྱུང་བ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་10ཡིན་པ་རེད། ས་ཡོམ་གྱི་ལྟེ་བ་ནི་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་ཀྲོའུ་ཡི་ལུའུ་རྫོང་ཡུས་ཁྲན་ཁྲོམ་གཞུང་ཡིན་ཞིང་། ལུའུ་རྫོང་དང་བར་ཐག་སྟོང་སྨི་6ཡོད་པ་དང་། ལུའུ་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྟོང་སྨི་37ཡོད་པ། ཁྲེང་ཏུའུ་གྲོང་ཁྱེར་དང་བར་ཐག་སྟོང་སྨི་1973ཡོད་པ། ལུའུ་ཀྲོའུ་ལན་ཐེན་གནམ་ཐང་དང་བར་ཐག་སྟོང་སྨི་39ཡོད་པ་རེད། 
     ལུའུ་ཀྲོའུ་གྲོང་ཁྱེར་གྱིས་རིམ་པ་དང་པོའི་འཕྲལ་སྡོམ་སྒུལ་སློང་བྱས་ཡོད། 
     གྲོང་ཁྱེར་འཕྲལ་སྡོམ་ལས་དོན་ཨུ་ལྷན་གྱིས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་དང་། གྲོང་ཁྱེར་ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ཡན་ལག་རུ་ཁག དེ་བཞིན་སྨན་བཅོས་སྲོག་སྐྱོབ་དང་། གློག་ཤུགས། འཕྲིན་གཏོང་། འགྲིམ་འགྲུལ་སོགས་ཉེན་སེལ་རོགས་སྐྱོབ་དཔུང་ཁག་སྐོང་བསྡུ་བྱས་ནས་གེགས་ཁུལ་དུ་བསྐྱོད་དེ་ལུའུ་རྫོང་དང་ས་གནས་དེ་གར་ཉེན་སེལ་ལས་དོན་སྤེལ་བ་རེད། 
     མེ་ཟོན་རུ་ཁག་ཐོ་རེངས་སྐབས་སུ་ཛ་དྲག་ངང་ས་འགུལ་བྱུང་ཡུལ་དུ་བསྐྱོད། 
     སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་འཕྲལ་དུ་ས་ཡོམ་ས་ཁོངས་ལས་བརྒལ་བའི་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་ལག་ལེན་བསྟར་ནས་ཁྲེང་ཏུའུ་དང་དབྱི་པིན་ཡན་ལག་རུ་ཁག་གི་ས་ཡོམ་རོགས་སྐྱོབ་རུ་ཁག་གི་རུ་མི་100དང་། དེ་བཞིན་འཕྲིན་གཏོང་འགན་ལེན་ཡན་ལག་རུ་ཁག་དང་དམག་ལས་འགན་སྲུང་ཡན་ལག་རུ་ཁག ཙི་ཀོང་དང་ནའེ་ཅང་ཡན་ལག་རུ་ཁག་གི་ས་ཡོམ་རོགས་སྐྱོབ་རུ་ཁག་ཆུང་གྲས་ཀྱི་མི་60དང་། དེ་བཞིན་འཕྲིན་གཏོང་འགན་ལེན་ཡན་ལག་རུ་ཁག་དང་དམག་ལས་འགན་སྲུང་ཡན་ལག་རུ་ཁག་བཅས་འཕྲལ་མར་གཅིག་སྡུད་བྱས་ནས་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་གི་ཡོམ་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད། སྤྱི་ཁྱབ་རུ་ཁག་གི་རྒྱབ་ཕྱོགས་མཁོ་སྒྲུབ་བཀོད་འདོམས་པུའི་རླངས་འཁོར་5ནང་སྡོད་པའི་མི་13ཡོམ་ཡུལ་ལམ་དུ་བསྐྱོད་ཡོད་པ་རེད། མིག་སྔར་གནས་ཚུལ་སྣ་ཚོགས་མུ་མཐུད་དུ་ཛ་དྲག་ངང་བཀོད་གཏོང་བྱེད་བཞིན་ཡོད། 
     མིག་སྔར་མི་2རྐྱེན་ལམ་དུ་ཤོར། 
     ཟླ་9ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་5པའི་བར་ད་ཐེངས་ཀྱི་ས་ཡོམ་ལས་ཁང་པ་ཁག་གཅིག་རྡིབ་པ་དང་། ལུའུ་རྫོང་ཧྥུ་ཅི་གྲོང་རྡལ་ཚའོ་པ་གྲོང་ཚོར་མི་2རྐྱེན་ལམ་དུ་ཤོར་བ་དང་མི་3ལ་རྨས་སྐྱོན་ཕོག་ཡོད་པ་རེད།
༄༅།།སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་དུ་ས་ཡོམ་རིམ་པ་6.0བྱུང་།
༄༅།།སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་དུ་ས་ཡོམ་རིམ་པ་6.0བྱུང་།