འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།“སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ལས་ཞུགས་མི་སྣའི་མིང་ཐོ་ནག་པོ”བཟོ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་14ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་དོན། སློབ་གསོ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཉེ་ཆར《སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ལས་ཞུགས་མི་སྣའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ལས་ཞུགས་མི་སྣའི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ“གཉིས་འཕྲིའི”སྒྱུར་བཅོས་ལས་འགན་དོན་འཁྱོལ་འགན་ལེན་བྱ་རྒྱུ་རེད། 
     དོ་དམ་བྱ་ཐབས་ནང་ལས་ཞུགས་མི་སྣའི་འོས་བབ་ཆ་རྐྱེན་ཁ་གསལ་བཟོས་ཏེ་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ལས་ཐོག་དགེ་རྒན་ཡིན་མི་ཆོག་པའི་བླང་བྱ་བཏོན་ཡོད། 
     དོ་དམ་བྱ་ཐབས་ནང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ལས་ཞུགས་པའི“མིང་ཐོ་ནག་པོའི”དོ་དམ་ལམ་ལུགས་ཐོག་མར་བཏོན་ཡོད་ཅིང་། “སློབ་མར་མཐོང་ཆུང་དང་བརྙས་བཅོས་བྱེད་པ་དང་། ནར་མ་སོན་པར་སྡུག་གཅོད་གཏོང་བ་དང་། གནོད་འཚེ་གཏོང་བ། ལུས་ཆད་གཏོང་བའམ་ཡང་ན་རྣམ་པ་འགྱུར་བའི་ལུས་ཆད་གཏོང་བ”སོགས་རིགས་11གི་བྱ་སྤྱོད“དམར་ཐིག”ཡིན་པ་མ་ཟད། ཉེས་ཚབས་ཆེ་རིགས་ལ་རྩད་ཆོད་མཐའ་གསལ་དང་ཞིབ་དཔྱད་བྱས་རྗེས་རྒྱལ་ཡོངས་ཀྱི་གཅིག་གྱུར་ལྟ་སྐུལ་དོ་དམ་སྟེགས་བུའི་ནང་བཅུག་པའི“སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ལས་དོན་མི་སྣའི་མིང་ཐོ་ནག་པོར”དོ་དམ་བྱ་རྒྱུ་ཡིན་པ་རེད།