འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།ལས་བཟོ་ཡོངས་རྫོགས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་འབྲེལ་བ་ཡོད་པའི་ཕྱོགས་སྟོན་པར་གཞི་གསར་པ་ཁྱབ་བསྒྲགས་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཏོག་གསར་ནད་དུག་ཏེར་ཐ་གཞན་འགྱུར་ནད་སྡོང་ལས་རིམས་ནད་འབྱུང་ཤས་ཆེ་བའི་གནས་ཚུལ་ལ་ཁ་གཏད་ནུས་ལྡན་བྱས་ནས་ལས་བཟོ་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་སྒྲིག་འཛུགས་ལག་བསྟར་བྱེད་ནུས་སྔར་བས་ཆེ་རུ་གཏོང་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ཏེ་དུས་འགོའི་ལས་ཀ་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས། 《ལས་བཟོ་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་སྒྲིག་འཛུགས་ལག་བསྟར་ཕྱོགས་སྟོན》ལ་བཟོ་བཅོས་བརྒྱབ་མཐར་《ལས་བཟོ་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་སྒྲིག་འཛུགས་ལག་བསྟར་ཕྱོགས་སྟོན(པར་གཞི་གཉིས་པ)》གྲུབ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། མགྱོགས་ཤིང་ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་དོ་དམ་ཚོད་འཛིན་བྱེད་པ། ལས་བཟོ་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པའི་རྩ་འཛུགས་དང་། མ་དཔེ་ལེན་པ། ཞིབ་དཔྱད་ཚད་ལེན། གོང་ལ་ཞུ་བ་སོགས་ཀྱི་ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱེད་པ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་གསལ་སྟོན་བྱས་ཡོད། 
     མི་འབོར་ཁྲི་500ནང་ཚུན་གྱི་གྲོང་ཁྱེར་གྱིས་ཉིན་གཉིས་ནང་ཚུན་ཁོངས་མི་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ལས་འགན་བསྒྲུབས་ཚར་དགོས་པ་དང་། དགོས་ངེས་སྐབས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ནང་ལོགས་གཅིག་གྱུར་འཆར་འགོད་ཀྱིས་འགན་སྲུང་བྱེད་དགོས། 
     མི་འབོར་ཁྲི་500ཡན་གྱི་གྲོང་ཁྱེར་གྱིས་ཉིན་གསུམ་གྱི་ནང་ཚུན་ཁོངས་མི་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ལས་འགན་བསྒྲུབས་ཚར་དགོས་པ་དང་། དགོས་ངེས་སྐབས་རྒྱལ་ཡོངས་ཀྱི་རོགས་སྐྱོར་ཐོབ་རེ་ཞུ་ཆོག