འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།གྲོང་གསེབ་ཏུ་བསྐྱོད་ནས་འབྱོར་འབྲིང་གི་འཚོ་བ་མྱོང་རོལ་བྱེད་པ།

—— ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལས་ཐུན་མོང་འབྱོར་ཕྱུག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཀན་སུའུ་ཀན་ལྷོའི་ཅོ་ནེ་རྫོང་མར་གྲོང་རྡལ་ལུས་གསེར་གྲོང་ཚོ་ཡིན་པ།
འདི་ནི་ཀན་སུའུ་ཀན་ལྷོའི་ཅོ་ནེ་རྫོང་མར་གྲོང་རྡལ་ལུས་གསེར་གྲོང་ཚོ་ཡིན་པ།
      མི་དམངས་དྲ་བའི་འཕྲིན། ཀླུ་ཆུའི་ངོགས་སུ་གནས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཅོ་ནེ་རྫོང་མར་གྲོང་རྡལ་ལུས་གསེར་གྲོང་ཚོ་ནི་ས་གནས་དེ་གར་སྐད་གྲགས་ཡོད་པའི་ཁུལ་ཁོངས་ཡུལ་སྐོར་དཔེ་མཚོན་གྲོང་ཚོ་ཞིག་རེད། ཉེ་བའི་ལོ་ཤས་རིང་ལུས་གསེར་གྲོང་ཚོས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྟབས་བདེ་བའི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས་ཕྱོགས་ཡོངས་ནས་འཚོ་སྡོད་ཁོར་ཡུག་དང་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་བ་དང་། སྤུས་ལེགས་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་མེ་ཏོག་ལྡུམ་རའི་ལྟ་སྐོར་ཁུལ། འཐུ་འཐོག་གླིང་། བོད་རིགས་གྲོང་ཚོའི་རིག་གནས་མྱོང་རོལ་སོགས་ཡུལ་སྐོར་ཐོན་ལས་རྣམ་གྲངས་ལ་བརྟེན་ནས། ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་སྤུས་རྟགས་བཏོད་པ་དང་། ཞིང་འབྲོག་ལས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་མ་ཟད་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་ཀྱང་བསྣན་ཡོད།
འདི་ནི་ཀན་སུའུ་ཀན་ལྷོའི་ཅོ་ནེ་རྫོང་མར་གྲོང་རྡལ་ལུས་གསེར་གྲོང་ཚོའི་གྲོང་མི་ལྷ་མོ་སྒྲོལ་མས་རང་ཁྱིམ་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ནང་སྐུ་མགྲོན་ལ་གསོལ་ཚིགས་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་ཀན་སུའུ་ཀན་ལྷོའི་ཅོ་ནེ་རྫོང་མར་གྲོང་རྡལ་ལུས་གསེར་གྲོང་ཚོའི་གྲོང་མི་ལྷ་མོ་སྒྲོལ་མས་རང་ཁྱིམ་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ནང་སྐུ་མགྲོན་ལ་གསོལ་ཚིགས་གྲ་སྒྲིག་བྱེད་བཞིན་པ།