འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།ཨན་ཧུའེ་ཧྥེ་ཏུང་གི་ཉ་ལས་དང་འོད་ཤུགས་ཟུང་འབྲེལ་ལས་ལ་ཕན་འབྲས་ཐོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཨན་ཧུའེ་ཧྥེ་ཏུང་གི་ཉ་ལས་དང་འོད་ཤུགས་ཟུང་འབྲེལ་ལས་ལ་ཕན་འབྲས་ཐོན་པ།
     ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་གིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས“སྐྱེ་ཁམས་དང་གློག་ཤུགས”ཟུང་འབྲེལ་གྱིས་ཐཱན་ཚད་སྙོམ་སྦྱོར་ལ་རམ་འདེགས་ཐུབ་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉ་གསོ་ཚགས་དང་འོད་ཤུགས་གསབ་རེས་ཀྱི་འོད་ཤུགས་གློག་ཁང་གིས“ཆུ་ཁ་ནས་འོད་ཤུགས་གློག་འདོན་དང་ཆུ་འོག་ཏུ་ཉ་གསོ་ཚགས”ཀྱི་གཅིག་གོ་ཉིས་ཆོད་ཀྱི་བྱེད་ཐབས་སྤྱད་དེ། ཆུ་ཁོངས་རྒྱ་ཁྱོན་མུའུ་2400ནས་ས་གནས་ཀྱི་དཔལ་འབྱོར་དང་སྐྱེ་ཁམས་གཉིས་ཀར་ལོ་ལེགས་ཡོང་བར་སྐུལ་ཁྲིད་བྱས་ཤིང་། ཟླ་9ཚེས་12ཉིན། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ལེང་ཡོན་གྲོང་རྡལ་གྱི་ཤན་ཧུའུ་ཕོའི“ཉ་གསོ་ཚགས་དང་འོད་ཤུགས་གསབ་རེས”ཀྱི་འོད་ཤུགས་གློག་ཁང་གི་ཉི་འོད་ཤེལ་ལེབ་དང་མཐའ་འཁོར་གྱི་གསེར་མདོག་ཅན་གྱི་འབྲས་ཞིང་དག་ལས་ལོ་ལེགས་ཡོང་བའི་ཡུལ་ལྗོངས་ཤིག་ལྷུན་གྱིས་གྲུབ་ཡོད།