འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།ཤིན་ཅང་གི་མང་ཚོགས་དབུལ་པོ་ཁྲི་16.9ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་
རིག་གནས་དང་གོམས་སྲོལ་ལ་སྲུང་སྐྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཤིན་ཅང་གི་མང་ཚོགས་དབུལ་པོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རིང་རང་ཉིད་ཀྱི་རིག་གནས་དང་གོམས་སྲོལ་ལ་སྲུང་སྐྱོང་ཐུབ་མིན་ཐད། ཟླ་9ཚེས་13ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཁྲེན་ལེ་ཡིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རིང་། རང་སྐྱོང་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་གོམས་སྲོལ་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གནས་སྤོས་མང་ཚོགས་དེང་རབས་འཚོ་བ་དང་མཐུན་རྒྱུར་སྣེ་ཁྲིད་བྱས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་གོམས་སྲོལ་ལ་སྲུང་སྐྱོང་བྱས་ཡོད་ཅེས་བཤད་པ་རེད།
     “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་སྡོད་ཁང་འཆར་འགོད་དང་། སྒོ་རའི་ལེ་ལག་ཚང་བའི་སྒྲིག་ཆས། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་ཐད་གནས་སྤོས་མང་ཚོགས་ཀྱི་རེ་འདུན་ལ་བརྩི་འཇོག་གང་ལེགས་བྱས་ཡོད”དེང་རབས་ཅན་གྱི་འཚོ་བ་མཚོན་པའི་སྔོན་འགྲོའི་འོག་གནས་སྤོས་དུད་ཚང་གི་རིག་གནས་དང་གོམས་སྲོལ་སོར་འཇོག་བྱས་ཏེ་དམངས་སྲོལ་བྱེད་སྒོའི་ལྟེ་གནས་དང་། དམངས་སྲོལ་རིག་གནས་གྱང་། དམངས་སྲོལ་རིག་གནས་ཐང་ཆེན་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་ནས་དམངས་ཁྲོད་སྒྱུ་རྩལ་འཕེལ་རྒྱས་དང་རྒྱུན་འཛིན་བྱས་ཡོད། གནས་སྤོས་མང་ཚོགས་ཀྱི་དེ་སྔའི་རྗེས་ལུས་ཀྱི་འཚོ་བའི་གོམས་གཤིས་རྙིང་པར་འགྱུར་ལྡོག་བཏང་སྟེ་ས་ཁང་ནང་སྡོད་པ་དང་། ས་ཁྲིར་ཉལ་བ། འདམ་རྫབ་ལམ་དུ་འགྲོ་དགོས་པ་བཅས་ཀྱི་འཚོ་བ་དབུལ་པོ་ལས་བསྒྲལ་ནས་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་སྤྱོད་པ་དང་རྣམ་པ་སྣ་ཚོགས་ཀྱི་རོལ་རྩེད་བྱེད་སྒོར་ཞུགས་ཏེ་དེང་རབས་ཤེས་དཔལ་གྱི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད་ཅེས་ཁྲེན་ལེ་ཡིས་བཤད་པ་རེད།
     “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། གཞི་ཁྱོན་ཅན་གྱི་དབུལ་ལོག་མ་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།