འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་14ཉིན།

༄༅།།ཀྲུང་ཕ་ཕྱི་འབྲེལ་དྲན་རྟེན་སྒོར་མོ་འགྲེམས་སྤེལ་བྱ་རྒྱུ་ཡིན།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་14ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
 ཁེ་8ཅན་གྱི་གསེར་གྱི་དྲན་རྟེན་སྒོར་མོའི་རྒྱབ་ངོས་ཀྱི་རི་མོ།
 ཁེ་8ཅན་གྱི་གསེར་གྱི་དྲན་རྟེན་སྒོར་མོའི་རྒྱབ་ངོས་ཀྱི་རི་མོ།
     མི་དམངས་དྲ་བའི་འཕྲིན། ཚེས་13ཉིན་གསར་འགོད་པས་ཀྲུང་གོའི་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོའི་མི་དམངས་དངུལ་ཁང་གིས་ཟླ་9ཚེས་16ཉིན་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་གསེར་དང་དངུལ་གྱི་དྲན་རྟེན་སྒོར་མོ་ཆ་ཞིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། 
     གསེར་དང་དངུལ་གྱི་དྲན་རྟེན་སྒོར་མོ་ཁྱོན་2ཡོད་པའི་ནང་གསེར་གྱི་དྲན་རྟེན་སྒོར་མོ་1དང་དངུལ་གྱི་དྲན་རྟེན་སྒོར་མོ་1ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཀོད་སྒོར་མོ་རེད། གསེར་དང་དངུལ་གྱི་དྲན་རྟེན་སྒོར་མོ་ཆ་ཚང་དེའི་མདུན་ངོས་ཀྱི་རི་མོ་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཡིན་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་མིང་དང་ལོ་རྟགས་ཀྱང་ཡོད་པ་རེད། 
     རྒྱབ་ངོས་ཀྱི་རི་མོ་མི་འདྲ་སྟེ། ཁེ་8ཅན་གྱི་གསེར་གྱི་དྲན་རྟེན་སྒོར་མོའི་རྒྱབ་ངོས་ཀྱི་རི་མོ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་དྲན་རྟེན་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཡིན་པ་དང་། ཤིང་པད་མ་དང་མེ་ཏོག་འདབ་བཞི་སོགས་ཀྱི་མཛེས་རྒྱན་ཇུས་འགོད་བྱས་པ་དང་འབྲེལ་རྒྱ་ཡིག་དང་དབྱིན་ཡིག་གི“ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བ”ཞེས་པའི་ཡི་གེ་བཀོད་ཅིང“1951ལོ་ནས་2021ལོའི་བར”ཞེས་པའི་ཡི་གེ་དང་དངུལ་གྲངས་ཀྱང་བཀོད་ཡོད་པ་རེད། ཁེ་30ཅན་གྱི་དངུལ་གྱི་དྲན་རྟེན་སྒོར་མོའི་རྒྱབ་ངོས་རི་མོ་ནི་ཀྲུང་གོའི་ཐེན་ཐན་ཆི་ཉན་ཕོ་བྲང་དང་ཕ་ཁི་སི་ཐན་གྱི་གནའ་བོའི་ལ་ཧོར་ཕོ་བྲང་ཡིན་ཞིང་། ཁམ་དཀར་སྡོང་བོ་དང་ཧི་མ་ལ་ཡའི་གསོམ་སྡོང་ལོ་འདབ་སོགས་ཇུས་འགོད་བྱས་པ་དང་འབྲེལ་རྒྱ་ཡིག་དང་དབྱིན་ཡིག་གི་“ཀྲུང་གོ་དང་ཕ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བ”ཞེས་པའི་ཡི་གེ་བཀོད་ཡོད། “1951ལོ་ནས་2021ལོའི་བར”ཞེས་པའི་ཡི་གེ་དང་དངུལ་གྲངས་བཀོད་ཡོད་པ་རེད། 
     ཚད་གཞི་དང་འགྲེམས་སྤེལ་བྱེད་ཚད་ཐོག་ནས་བརྗོད་ན། གསེར་གྱི་སྒོར་མོ་ཁེ་8ཅན་ནི་སྤུས་དག་ཡིན་པ་སྟེ། དེའི་ནང་གསེར་ཁེ་8འདུས་ཤིང་། ཚངས་ཐིག་ཧའོ་སྨི་22ངོས་ཐང་སྒོར་100ཡིན་པ་དང་། རྒྱུ་སྤུས་99.9%ཟིན་པ། 3000འགྲེམས་སྤེལ་བྱེད་རྒྱུ་རེད། དངུལ་གྱི་སྒོར་མོ་ཁེ་30ཅན་ནི་སྤུས་དག་ཡིན་པ་སྟེ། དེའི་ནང་དངུལ་ཁེ་30འདུས་ཤིང་། ཚངས་ཐིག་ཧའོ་སྨི་40ངོས་ཐང་སྒོར་10ཡིན་པ་དང་། རྒྱུ་སྤུས་99.9%ཟིན་པ། 10000 འགྲེམས་སྤེལ་བྱེད་རྒྱུ་རེད། 
ཁེ་30ཅན་གྱི་དངུལ་གྱི་དྲན་རྟེན་སྒོར་མོའི་རྒྱབ་ངོས་རི་མོ།
ཁེ་30ཅན་གྱི་དངུལ་གྱི་དྲན་རྟེན་སྒོར་མོའི་རྒྱབ་ངོས་རི་མོ།