འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་14ཉིན།

༄༅།།ཡུན་ནན་བདེ་ཆེན་ནགས་ཕག་མཚོའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ལ་ཕན་འབྲས་ཐོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་14ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བ་བདེ་ཆེན་ནས་ཟླ་9ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་11ཉིན། COP15ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ“དཔྱིད་གྲོང་ཉམས་སུ་མྱོང་། སེམས་ཀྱི་ཉི་ཟླ་འཚོལ་ཞིབ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་ནས། ནགས་ཕག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་བཙལ་འཚོལ་བྱས་པ་རེད། འདི་ལོའི་ཟླ་7པར་ནགས་ཕག་མཚོར་འདབ་ཆགས་རིགས་55ཡི་གྲངས་འབོར་4770ཟིན་པའི་ལྟ་ཞིབ་ཚད་ལེན་ཐུབ་པ་རེད།
     ནགས་ཕག་མཚོའི་སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཉེ་བའི་ལོ་ཤས་རིང་ནགས་ཕག་མཚོའི་དགུན་སྒྲོལ་དུས་བྱའི་རིགས་དང་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་ཞིང་། གཙོ་གནད་སྲུང་སྐྱོང་བྱ་ཡུལ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་བརྟན་པོའི་ངང་འཕར་ནས་ཁྲུང་ཁྲུང་སྐེ་ནག་1984ལོའི་61ནས་ད་ཆའི་320ཙམ་བར་མང་དུ་ཕྱིན་ཡོད་པ་རེད། གཙོ་གནད་སྲུང་སྐྱོང་བྱ་ཡུལ་ཆུ་བྱ་མགོ་དམར་2004ལོར་ཐོ་འགོད་བྱས་པའི་གྲངས་འབོར་60ལྷག་ཙམ་ནས་2020ལོའི་ཟླ་11པར་ཆུ་བྱ་མགོ་དམར་གནས་སྤོས་པའི་གྲངས་འབོར་416ཟིན་ཡོད་པ་རེད། མིག་སྔར་ནགས་ཕག་མཚོ་ནི་རྒྱལ་ནང་གི་ཆུ་བྱ་མགོ་དམར་གྱི་དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་དང་། གཅིག་སྡུད་ཆེ་ཤོས། གལ་ཆེ་ཤོས་བཅས་སུ་གྱུར་ཡོད།