འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་14ཉིན།

༄༅།།བོད་ཀྱིས“གྲོང་གསེབ་མཛེས་ཤོས”ཀྱི་ ཡུལ་སྐོར་ལམ་ཐིག་བཏོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་14ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པའི“2021ལོའི་ལྷ་སའི་བྱང་སྐོར་ལམ་གྱི་རིམ་སྤེལ་དྲིལ་བསྒྲགས་དངོས་སྐྱོད་བྱེད་སྒོའི”འགོ་ཚུགས་མཛད་སྒོ་བོད་ལྗོངས་ལྷ་སར་འཚོགས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། “ལྷ་སའི་བྱང་སྐོར་ལམ”ནི་ལྷ་ས་སྐོར་བའི་ཡུལ་སྐོར་མཛེས་ལྗོངས་ལམ་ཐིག་ཅིག་ཡིན་ལ། དེའི་རྒྱུད་དུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་དང་། ཞིང་འབྲོག་ཁུལ། དམངས་ཁྲོད་བཟོ་རྩལ་སོགས་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་། གངས་རི་དང་། འཁྱག་རོམ། མཚོ་མོ། རྩྭ་ཐང་། གྲོག་རོང་། གཤོང་ས་སོགས་རང་བྱུང་མཛེས་ལྗོངས་སྣ་ཚོཌ་ཡོད།
     བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་སའི་ཡུལ་སྐོར་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས“ལྷ་སའི་བྱང་སྐོར་ལམ”གྱི་ཡུལ་སྐོར་ལམ་ཐིག་བཏོད་པ་དང་། རིག་གནས་ཡུལ་སྐོར་མཐོར་འདེགས་ལས་གྲྭ་དང་། གྲོང་གསེབ་ཡུལ་སྐོར་གྱི་དམངས་ཕྱུག་འདུ་འགོད། རིག་ལྡན་ཡུལ་སྐོར་གྱི་འདུ་འགོད་སོགས་གཙོ་གནད་ལས་འགན་ལག་བསྟར་བྱས་པ་བརྒྱུད་ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “གྲོང་གསེབ་མཛེས་ཤོས”མྱོང་རོལ་ཡུལ་སྐོར་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།