འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་13ཉིན།

༄༅།།ཚེ་རིང་ལྷ་མོར་རྒྱལ་ཡོངས་ཀྱི་དགེ་རྒན་བཟང་ཤོས་ཀྱི་མཚན་སྙན་ཐོབ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་13ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཚེ་རིང་ལྷ་མོར་རྒྱལ་ཡོངས་ཀྱི་དགེ་རྒན་བཟང་ཤོས་ཀྱི་མཚན་སྙན་ཐོབ།
     མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་37པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ་ཡིས་མཉམ་འབྲེལ་ཐོག་2021ལོའི་དགེ་རྒན་བཟང་ཤོས་ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་འདུག  
     བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཚེ་རིང་ལྷ་མོར་དགེ་རྒན་བཟང་ཤོས་ཀྱི་མཚན་སྙན་ཐོབ་པ་རེད། ཁོང་མོས་འབྲོག་ཁུལ་གྱི་བྱིས་པ་འོན་ལྐུགས་དང་། ལོང་བ། རིག་སྟོབས་ཞན་པའི་ཕྲུ་གུ་རྣམས་ལ་ཡིད་དུ་འོང་བའི་འཇིག་རྟེན་ཞིག་བསྐྲུན་ཡོད།
     ང་ཚོས་ཁོང་མོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག མོ་དང་འདྲ་བའི་དགེ་བའི་བཤེས་གཉེན་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཕྲེང་བ་གཏོར་རྒྱུ་མ་ཟད། སྙིང་དབུས་ནས་གུས་འདུད་ཞུ།
༄༅།།ཚེ་རིང་ལྷ་མོར་རྒྱལ་ཡོངས་ཀྱི་དགེ་རྒན་བཟང་ཤོས་ཀྱི་མཚན་སྙན་ཐོབ།