འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་13ཉིན།

༄༅།།བོད་དུ་ཞིང་འབྲོག་པ་ཁྲི་58.41ལས་ཞུགས་གཞན་སྒྱུར་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་3.2གསར་དུ་ལས་ཞུགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་13ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བདུན་པའི་བར་བོད་ཀྱི་ཞིང་འབྲོག་པ་ཁྲི་58.41ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་57.92ཟིན་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་3.2གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་གཅིག་ཀྱང་མེད་པ་རྒྱུན་འཁྱོངས་ཐུབ་ཡོད།
     ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་འོས་འཚམ་གཏོང་ཆེད། བོད་ཀྱིས་ཕྱོགས་མང་པོ་དང་གོ་རིམ་ལྡན་པའི་ལས་ཞུགས་གཞན་སྒྱུར་གྱི་གཞི་རྟེན་ཧུར་ཐག་བསྐྲུན་ཏེ། རྟེན་གཞི་དང་། རྣམ་གྲངས། ངལ་ནུས་ཁྲོམ་ར། དྲ་ཐོག་ལས་སྟེགས་སོགས་ལས་ཞུགས་གཞན་སྒྱུར་གྱི་གཞི་རྟེན་མང་པོ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ཟླ་དང་པོ་ནས་བདུན་པའི་བར་བོད་ཀྱི་ཞིང་འབྲོག་པ་ཁྲི་58.41ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་57.92ཟིན་པ་དང་། ཞིང་འབྲོག་པ་5201ལྗོངས་ཕྱིར་ལས་ཞུགས་ཐུབ་ཡོད། “དཔྱིད་གསར་བསུ། ལས་གནས་བརྟན་སྲུང་ལས་མི་ཉར”ཞེས་པའི་ཆེད་དོན་བྱ་སྤྱོད་ལས་ལས་གནས་བརྟན་སྲུང་ལས་མི་ཉར་བའི་ཤོག་ཆག་སྒོར་ཁྲི་8ལྷག་ཙམ་སྤྲད་དེ་ལྗོངས་ཡོངས་ཀྱི་ཁེ་ལས་328ཀྱི་ལས་མི་5247ལས་གནས་སུ་ཉར་བ་དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་རྟེན་གཞི་52ལ་ཞིབ་བཤེར་རྩིས་ལེན་བྱེད་བཞིན་པ་དང་ཞིབ་བཤེར་རྩིས་ལེན་ཐུབ་པའི་རྟེན་གཞིར་འཛུགས་སྐྲུན་གྱི་ཁ་གསབ་སྤྲོད་རྒྱུ་རེད།
     གྲོང་ཁྱེར་དང་གྲོང་རྡལ་ཐད་བོད་ཀྱིས་བྱ་ཐབས་སྤྱད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལས་ཞུགས་འགན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་3.2གསར་དུ་ལས་ཞུགས་ཐུབ་པ་དེ་དུས་མཚུངས་ལས་མི་ཁྲི་0.3མང་དུ་ཕྱིན་པ་དང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་64%ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་ཁྲི་0.89ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཡོད་པའི་མི་ཁྲི་0.27ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.0%ནང་ཚུན་དུ་ཚོད་འཛིན་ཐུབ་སྟེ་རྒྱལ་ཡོངས་ཀྱི་ཆུ་ཚད་དམའ་ཤོས་རྒྱུན་འཁྱོངས་ཐུབ་ཡོད།
     ངལ་རྩོལ་པའི་ལས་རིགས་ནུས་པ་ཆེ་རུ་གཏོང་ཆེད། བོད་ཀྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་གདེང་འཇོག་གི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། བོད་རང་སྐྱོང་ལྗོངས་སུ་ལས་རིགས་རྩལ་ནུས་གསོ་སྐྱོང་འཛིན་གྲྭ་དུས་ཐེངས་1308གཉེར་བ་དང་མི་ཁྲི་7.09(མངག་ཐོ་རྣམ་པའི་གནས་གཏན་འཁེལ་གྱི་མི་8307དང་། ཁེ་ལས་ཀྱི་ལས་བཟོའི་ལས་རིགས་རྩལ་ནུས་མཐོར་གཏོང་གསོ་སྦྱོང་4464 ལས་ཐོག་གསོ་སྦྱོང་བྱེད་མཁན་4464 དགེ་ཕྲུག་ལམ་ལུགས་གསར་པའི་གསོ་སྦྱོང་ནང་ཞུགས་མཁན་62)བཅས་ལ་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱས་ཡོད། མི་4970ལ་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་གཏན་འཁེལ་བྱས་པས་ལོ་ཧྲིལ་པོའི་ལས་འགན་གྱི་62.4%དང་41.4%སོ་སོར་ལེགས་གྲུབ་བྱུང་བ་དང་། 2021ལོའི་ལྗོངས་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བཟོའི་རྩལ་ནུས་ལག་རྩལ་རིམ་པ་ཞིབ་དཔྱད་བྱེད་རིང་། ལྗོངས་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་901ལ་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་དཔྱད་ཞིབ་བྱས་ཏེ། དངོས་སུ་མི་607དཔྱད་ཞིབ་ཚད་ལོན་ཐུབ་པ་དང་མི་294ཚད་ལོན་མེད་པས་ཚད་གཞི་ལོན་ཚད་67%ཟིན་ཡོད།
     ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལས་ཞུགས་ལ་སྐུལ་འདེད་བཏང་བ་ཕུད། བོད་ཀྱིས་ད་དུང་ལས་ཤོར་འགན་བཅོལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར། བོད་ཀྱི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ཁྲི་28.01ཟིན་པ་དང་། ལས་གནས་བརྟན་གཏོང་མ་དངུལ་སྒོར་ཁྲི་1528.40ཕྱིར་སྤྲོད་བྱས་པར་ཁེ་ལས་90ལ་ཁེ་ཕན་ཐོབ་པ་དང་ཁེ་ཕན་ཐོབ་མཁན་ལས་བཟོ་ཁྲི་1.0ཟིན་ཡོད། ལྗོངས་རིམ་པས་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་མཁན་ཁེ་ལས་ཀྱི་བཟོ་པ་179ལ་འགན་ཞུགས་ལས་བཟོའི་རྩལ་ནུས་མཐོར་གཏོང་ཁ་གསབ་སྒོར་ཁྲི་26.40སྤྲད་པ་རེད།