འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་8ཉིན།

༄༅།།ཇོ་མོ་གླང་མའི་རིག་མཛོད་ཆེ་མོ་དང་པོ《སའི་གོ་ལའི་ཡང་རྩེར་སྐྱོད་པ》འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་08ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ཡུལ་ལྗོངས་ཧྲིལ་པོ་མངོན་པའི་ཇོ་མོ་གླང་མ་གསལ་འགྲེལ་གྱི་རིག་མཛོད་ཆེ་མོ་དང་པོ《སའི་གོ་ལའི་ཡང་རྩེར་སྐྱོད་པ》ཞེས་པ་ཉེ་ཆར་རང་བྱུང་ཐོན་ཁུངས་པུའི་ཁོངས་གཏོགས་ཀྱི་ཀྲུང་གོ་ས་ཁྲ་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་བྱས་པ་མ་ཟད། “8·29ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་དྲིལ་བསྒྲགས་གཟའ་འཁོར”རིང་དངོས་སུ་འགྲེམས་སྤེལ་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིཌ་ན། 《སའི་གོ་ལའི་ཡང་རྩེར་སྐྱོད་པ》ཞེས་པའི་ནང་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགོ་ཚུགས་ནས་ལོ་བཞི་འཁོར་བ་གོ་སྐབས་སུ་བྱས་ཏེ་ཇོ་མོ་གླང་མའི་འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་འབྲས་བུ་གསར་ཤོས་སྤྱད་ཡོད་ལ། དེ་ནི་ཇོ་མོ་གླང་མའི་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། མིའི་རིགས་ཀྱིས་རང་བྱུང་རི་མཐོར་དཔའ་ངར་ཆེན་པོ་དང་ཚན་རིག་དང་མཐུན་པའི་ངང་འཛེགས་པའི་དཔའ་ཉམས་མཚོན་པའི་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་ཅིག་རེད། དེབ་ཆ་ཚང་ལ“ཇོ་མོ་གླང་མ་ངོ་སྤྲོད”དང་། “ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ” “ཇོ་མོ་གླང་མར་འཛེག་པ”“ཇོ་མོ་གླང་མ་ཚད་འཇལ” “ཇོ་མོ་གླང་མར་སྲུང་སྐྱོང”བཅས་ས་བཅད་ལྔར་ཕྱེ་ཡོད་པ་དང་། པར་རིས་དང་། ལག་བྲིས་བར་བཅུག་རི་མོ། ཆེད་ལས་ས་ཁྲ། ཆ་འཕྲིན་རེའུ་མིག་བཅས་300ཙམ་སྤྱད་པ་མ་ཟད། སྒྲ་དང་། བརྙན་ལམ། VRཚད་གསུམ་ས་ཁྲ་བཅས་20ལྷག་ཙམ་ཡོད་པའི་མཉམ་འདྲེས་སྨྱན་སྦྱོར་སྤྱད་དེ་ཇོ་མོ་གླང་མའི་བརྗིད་ཆགས་དང་ངོ་མཚར་གསོན་ཉམས་དོད་པོས་མངོན་པ་དང་། ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་དང་། རི་འཛེག མཐོ་ཚད་འཇལ་བ་བཅས་རིམ་བྱུང་གི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་བསྐྱར་དུ་མངོན་པ། རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཚན་རིག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་བསྟན་པ་བཅས་རེད།