འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་7ཉིན།

༄༅།།ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོར་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཆེན་མོ་ཚེ་ལས་འདས་པར་མྱ་ངན་ཞུ་པ་དང་ཕངས་སེམས་བྱུང་བ་མཚོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་07ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོར་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཆེན་མོ་ཚེ་ལས་འདས་པར་མྱ་ངན་ཞུ་པ་དང་ཕངས་སེམས་བྱུང་བ་མཚོན་པ།
     མི་དམངས་དྲ་བའི་འཕྲིན། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་6ཉིན་འཇར་མན་ཕྱི་འབྲེལ་པུས་ཀྲུང་གོར་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཆེན་མོ་བ་གསར་པ་ཧོ་ཡན་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱས་པ་རེད། དེའི་ཐད་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས་6ཉིན་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཧོ་ཡན་གློ་བུར་དུ་ཚེ་ལས་འདས་པར་ཧང་སངས་པར་གྱུར་ཡོད་ཅེས་བཤད་པ་རེད། “གཞུང་ཚབ་ཆེན་མོ་བ་ཧོ་ཡན་ལས་གནས་སུ་འཁོད་རྗེས། ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་ཧུར་ཐག་བཏང་དང་གཏོང་ཡོད་པས། ང་ཚོས་ཁོང་སྐུ་གྲོངས་པར་མྱ་ངན་ཞུ་བ་དང་ཕངས་སེམས་བྱུང་བ་མཚོན་པ་མ་ཟད། ཁོང་གི་གཉེན་ཉེར་གདུང་སེམས་མཉམ་སྐྱེ་དང་འཚམས་འདྲི་ཡང་ཞུས་པ་ཡིན། ང་ཚོས་ཁོང་གི་ནང་མི་དང་ཀྲུང་གོར་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཁང་གི་རྗེས་མཐུད་བྱ་བ་ཐག་གཅོད་བྱ་རྒྱུར་སྟབས་བདེ་སྐྲུན་འདོད་ཡོད”ཅེས་གསུངས་པ་རེད།