འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་7ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་འགན་བཅོལ་སྲིད་ཇུས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་07ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    སྲིད་ཇུས།
    ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་སྤྲོད་པ་དང་འགན་ལེན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་གྱི་དུས་བཅད་ལོ་གཅིག་ནར་འགྱངས་བྱས་པ།
   ཚད་གཞི།
    ཁེ་ལས་ཀྱི་ལས་མི་ཉུང་འཕྲི་བྱེད་ཚད་སྔར་བས་ལྷུག་ཏུ་བཏང་བ།
   རེ་ཞུ།
   འགན་བཅོལ་ལ་ཞུཌ་པའི་ཁེ་ལས་ཀྱི་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་རེ་ཞུ་བྱེད་མི་དགོས་པ།
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་དུད་སྣེའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་གནས་ཚུལ་འབྱོར་བར། འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་འགན་བཅོལ་གྱིས་འཚོ་བ་འགན་ལེན་དང་། ལས་ཤོར་སྔོན་འགོག ལས་ཞུགས་ལ་སྐུལ་འདེད་གཏོང་བའི“ཕྱོགས་གསུམ་གཞི་གཅིག”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་གཙོ་གནད་རྣམ་གྲངས་ལག་བསྟར་ཏན་ཏིག་བྱས་པ་དང་། ལས་གནས་བརྟན་གཏོང་དང་ཁྱབ་རྒྱ་ཆེ་རུ་གཏོང་བའི་ཐད་ཀྱི་ལས་ཤོར་འགན་བཅོལ་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པ་བརྒྱུད། སྒྲུབ་གཉེར་ཞབས་ཞུའི་བརྒྱུད་རིམ་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་དང་། ལས་བཟོ། དེ་བཞིན་ལས་ཤོར་མི་སྣར་སྲིད་ཇུས་ཀྱི་ཁེ་འབབ་ཐོབ་པའི་འགན་ལེན་བྱས་ཡོད།
    སྲིད་ཇུས་ལག་བསྟར་དུས་ཚད་ནར་འགྱངས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་སྤྲོད་པ་དང་འགན་ལེན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་གྱི་དུས་བཅད་2020ལོའི་ཟླ་12ཚེས་31ཉིན་ནས་2021ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བཏང་བ་དང་ཆབས་ཅིག སྤྱི་ཚོགས་ཚོགས་པ་དང་། ཐེབས་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི། ཁྲིམས་རྩོད་པའི་ལས་དོན་ཁང་། རྩིས་པའི་ལས་དོན་ཁང་། ཚན་པའི་རྣམ་པའི་ཐོག་ནས་འགན་བཅོལ་ནང་ཞུགས་པའི་ཁེར་རྐྱང་དཔལ་འབྱོར་རྩ་འཛུགས་བཅས་ལོངས་སྤྱོད་ཀྱི་ཁྱབ་ཁོངས་སུ་ཐོག་མར་བཅུག་ནས་སྲིད་ཇུས་ཀྱི་ཕན་པ་ཐོབ་རྒྱ་ཆེ་རུ་བཏང་ཡོད།
   ཚད་གཞི་དམའ་རུ་གཏོང་བ། ཁེ་ལས་ཀྱི་ལས་མི་ཉུང་འཕྲི་བྱེད་ཚད་སྔར་བས་ལྷུག་ཏུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་མཁན་ཁེ་ལས་ཀྱིས་ལོ་འཁོར་གོང་མར་ལས་མི་ཉུང་འཕྲི་བྱས་མེད་པའམ་ཡང་ན་ལས་མི་ཉུང་འཕྲི་བྱེད་ཚད་ལོ་འཁོར་གོང་མའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྟག་དཔྱད་ཚོད་འཛིན་གྱི་དམིགས་ཚད་6%ལས་མི་བརྒལ་བ། མི་30(ཚུད་པ)མན་གྱི་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་ཀྱི་ལས་མི་ཉུང་འཕྲི་བྱེད་ཚད་འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་བསྡོམས་འབོར་གྱི་20%ལས་མི་བརྒལ་བ་བཅས་བྱས་ཚེ་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་རེ་ཞུ་བྱས་ཆོག དེ་དང་ཆབས་ཅིག་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་རྩལ་ནུས་མཐོར་གཏོང་གི་ཁ་གསབ་རེ་ཞུའི་ཆ་རྐྱེན་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་ལོ་གཅིག་འཇལ་བའི་བར་ལྷུག་ཏུ་བཏང་བ་རེད།
    རེ་ཞུ་བྱེད་མི་དགོས་པ། འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཀྱི་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་རེ་ཞུའི་ལྷུ་ཚིགས་མེད་པར་བཟོས་པ་དང་། 2020ལོར་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་ལོངས་སུ་སྤྱོད་པའི་ཁེ་ལས་ལ་ཆ་འཕྲིན་ནོར་འཁྲུལ་མེད་པའི་རྨང་གཞིའི་ཐོག་སྡེབ་གཅིག་ཏུ་སྤྲད་པས་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ“རེ་ཞུ་བྱེད་མི་དགོས་པར་ལོངས་སྤྱོད”དང“ཁེ་ལས་ལ་ཁ་གསབ་སྤྲོད་པ”རྦད་དེ་མངོན་འགྱུར་བྱུང་བ་མ་ཟད། ཡོངས་བསྒྲགས་བྱེད་ཡུན་ལས་ཀའི་ཉིན་གྲངས་3བར་ཐུང་དུ་བཏང་ནས་མ་དངུལ་སྤྲོད་མགྱོགས་སུ་ཤུགས་ཆེན་བཏང་ཡོད།
    དྲ་ཐོག་ནས་གཉེར་བ། ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་ཞིབ་བཤེར་བྱེད་སྐབས་ནོར་སྲིད་དང་། ཁྲལ་དོན། འཕེལ་སྒྱུར་སོགས་སྡེ་ཚན་དང་སྔ་སྣུར་དུ་འབྲེལ་མཐུད་བྱས་ཏེ་གྲངས་གཞི་མཉམ་འགུལ་བསྡུར་བའི་ལམ་སྲོལ་བཙུགས་ནས་ཆ་འཕྲིན་བསྡུར་བ་དང་། ཡིད་རྟོན་བསྡུར་བ། མ་དངུལ་ཞིབ་བསྡུར་སོགས་ཀྱི་ལྷུ་ཚིགས་ཤར་གཏོང་ནུས་ལྡན་ཐུབ་པ་བྱས་ཡོད། སྤྱི་ཚོགས་དང་དངུལ་ཁང་ལས་སྟེགས་བརྒྱུད་མ་དངུལ་ཁེ་ལས་ལ་ཐད་ཀར་སྤྲད་དེ་མ་དངུལ་མྱུར་དུ་འབྱོར་ཐུབ་པ་དང་གྲངས་གཞིའི་བརྒྱུད་རིམ་ཧྲིལ་པོ་གསལ་པོ་ཡོད་པའི་འགན་ལེན་བྱས་ནས་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་སྤྲོད་པའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་གང་ལེགས་བརྟེན་ནས་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་བདག་སྤྲོད་དང་། ཞིབ་བཤེར་གཏན་འབེབས། སྤྲོད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་ཁག“ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་ལེན་པ”དང“ལག་ཁྱེར་མི་དགོས་པར་སྒྲུབ་པ”མངོན་འགྱུར་བྱུང་ནས་ལས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་ཡོད།
    ཟླ་8ཚེས་25ཉིན་བར་ཆ་རྐྱེན་འཛོམས་པའི་ཁེ་ལས་5913ལ་ལས་གནས་བརྟན་གཏོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་6292.69སྤྲད་པས་ལས་བཟོ་ཁྲི་26.79ལ་ཕན་པ་ཐོབ་པ་དང་། ཕན་པ་ཐོབ་པའི་ཁེ་ལས་ཀྱི་གྲངས་འབོར་2020ལོའི་ལོ་ཧྲིལ་པོའི་ཕན་པ་ཐོབ་པའི་ཁེ་ལས་ཀྱི་གྲངས་འབོར་ལས་བརྒལ་ཡོད། ལས་ཤོར་མི་སྣ་9952ལ་ལས་ཤོར་ཁ་གསབ་རོགས་དངུལ་སྒོར་ཁྲི་3851.2སྤྲད་པ་དང་ལས་ཤོར་ཞིང་པ་ལས་མི་93ལ་གནས་སྐབས་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་14.2སྤྲད་པ་རེད། རིམ་རྩིས་བྱས་ན་རྩལ་ནུས་མཐོར་གཏོང་གི་ཁ་གསབ་སྒོར་ཁྲི་373.6སྤྲད་པས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་མི་ཐེངས་2250ལ་ཕན་པ་ཐོབ་ཡོད།