འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་6ཉིན།

༄༅།།སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་དེ་སྔའི་ཧྲུའུ་ཅི་ཏང་གི་སྐྱིད་སྡུག་ནས་ཕུད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་06ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན།    ཉིན་ཤས་གོང་། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཆོག་མཆན་ཐོབ་པར་བརྒྱུད། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་དེ་སྔའི་ཏང་ཨུའུ་ཧྲུའུ་ཅི་དང་། སྨན་ཁང་གི་འགོ་འཛིན་ལི་ཡོན་ཧྥེང་གིས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད། 
   ཞིབ་བཤེར་བྱས་པ་བརྒྱུད། ལི་ཡོན་ཧྥེང་ནི་ཕུགས་བསམ་དད་སེམས་ཉམས་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་སྒྲིག་འགལ་ངང་སྐྱེས་དངུལ་བླངས་པ་དང་། སྒེར་གྱི་འབྲེལ་ཡོད་དོན་དག་སྦས་གསང་བྱས་པ། དྲང་གཞག་གིས་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་བཟོ་སྲིད་པའི་ལག་རྟགས་དང་སྐྱེས་དངུལ་བླངས་པ། སྒྲིག་སྲོལ་ལས་འགལ་ཏེ་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བ། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་སྤྱིའི་རྒྱུ་ནོར་བཙན་བཟུང་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བ། ལས་གནས་ཐོག་གི་སྟབས་བདེར་བརྟེན་པའམ་ཡང་ན་ལས་གནས་ཀྱི་དབང་ཆ། ཐོབ་གོ་ས་སོགས་ཀྱི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། མི་གཞན་ལ་སྨན་བཅོས་སྒྲིག་ཆས་དང་། སྨན་རྫས། རྒྱུ་ཆ་བཅས་བྲིན་ཚོང་བྱེད་པའི་ཐད་ཁེ་ཕན་དོན་གཉེར་བྱས་པ་མ་ཟད། རྒྱུ་དངོས་བླངས་ཤིང་གྲངས་འབོར་ཧ་ཅང་ཆེ་བ་ཡོད། 
   ལི་ཡོན་ཧྥེང་གིས་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་གོ་གནས་ཁྲིམས་འགལ་གྲུབ་པ་མ་ཟད། ལྐོག་ཟ་ཉེས་གསོག་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཚད་མི་བཟུང་ཞིང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་ལ་ཤུགགས་རྐྱེན་ངན་པ་བཅས་ལ་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ལྟ་ཞིབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《གཞུང་གི་ལས་དོན་མི་སྣར་སྲིད་དོན་ཆད་གཅོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སི་ཁྲོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཞིང་ཨུད་ལ་ཆོག་མཆན་ཞུས་རྗེས། ལི་ཡོན་ཧྥེང་ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་། གཏན་འབེབས་ལྟར་ཁོང་གི་ལོངས་སྤྱོད་བྱ་རྒྱུའི་ཐོབ་ཐང་མེད་པར་བཟོ་རྒྱུ། ཁྲིམས་འགལ་སྒྲིག་འགལ་གྱི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་པ་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད།