འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་6ཉིན།

༄༅།།2022ལོའི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཐོག་མའི་དུས་ཚོད་གཏན་འཁེལ་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་06ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་རྒྱུགས་ལེན་དུས་ཚོད་དེ་2021ལོའི་ཟླ་12ཚེས་25ཉིན་ནས་ཚེས་26ཉིན་བར་བྱ་རྒྱུ་དང་། རྒྱུགས་ལེན་དུས་ཚོད་ཆུ་ཚོད་3ལས་བརྒལ་བའམ་ཡང་ན་པར་རིས་སོགས་དམིགས་བསལ་བླང་བྱ་ཡོད་པའི་རྒྱུགས་སྤྲོད་སློབ་ཚན་ཉུང་ཤས་ནི་ཟླ་12ཚེས་27ཉིན་བར་བཀོད་སྒྲིག་བྱས་འདུག ཉེ་ཆར་སློབ་གསོ་པུས་པར་འགྲེམས་བྱས་པའི《2022ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ལས་དོན་དོ་དམ་གཏན་འབེབས》གཞིར་བཟུང་། དྲ་ཐོག་མིང་ཐོ་འགོད་པའི་ལས་དོན་དེ་ཟླ་10ཚེས་5ཉིན་ནས་ཟླ་10ཚེས་25ཉིན་བར་བཀོད་སྒྲིག་བྱས་འདུག