འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་3ཉིན།

༄༅།།ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་བཞི་པ་འཆར་ཉེར་ཡོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་03ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྒྲིག་འཛུགས་མཛུབ་ཁྲིད་ཨུ་ལྷན་གྱིས་ཚེས་1ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་འདི་ལོའི་ཟླ་9ཚེས་23ཉིན་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་བཞི་པ་བསུ་རྒྱུ་རེད། འདི་ལོའི་ལོ་ལེགས་དུས་ཆེན་ཐོག“ལོ་ལེགས་ལ་རྟེན་འབྲེལ་ཞུ། ཏང་གི་བཀའ་དྲིན་ཚོར་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྒྱ་ཆེའི་གྲོང་གསེབ་ས་ཁུལ་དང་སྤྱི་ཚོགས་ལས་རིགས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་རྒྱུ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་འབྲི་ཆུའི་རྒྱུད་ཀྱི་ཀྲེ་ཅང་ཅ་ཤིང་དང་། ཧུའུ་ནན་ཁྲང་ཧྲ། སི་ཁྲོན་ཏེ་དབྱང་བཅས་སུ་བཀོད་སྒྲིག་བྱ་རྒྱུ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་11ཞུགས་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲི་ཆུའི་སྲུང་སྐྱོང་ཆེ་མོའི་འཐབ་ཇུས་ལ་གཅིག་རམ་གཅིག་འདེགས་བྱེད་རྒྱུ་རེད།
     ལོ་ལེགས་དུས་ཆེན་ནི་ཞིང་པའི་དུས་ཆེན་ཞིག་རེད་ལ། རྒྱལ་ཡོངས་མི་དམངས་ཀྱི་དུས་ཆེན་ཞིག་ཀྱང་རེད། འདི་ལོའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཚན་རྩལ་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་བཏང་བའི་གྲུབ་འབྲས་གསར་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ། གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད།